Jump to content

ཀོ་བ་མཚོ་ལ་བྱིང་འདྲ་

ཡོང་ཁུངས་Wikipedia

དེ་སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ཆེམས་ལུང་བསྟན་ལྷོ་བྲག་ཁོ་མཐིང་གཏེར་མ་ལས་མ་འོངས་བསྐལ་པའི་མཐར་ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་དང་བཅས་པ་ཆུས་ཁྱེར་བར་འགྱུར་བ་དང་དེ་ཡང་ལྷ་སའི་གཙང་པོ་ཁག་གཉིས་སུ་གྱེས་ནས་ཁག་གཅིག་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་ཕྱོགས་ནས་བསྐོར་ཏེ། དཀྱིལ་གྱི་སྐམ་ས་རྣམས་རིམ་བཞིན་ཉ་འདྲ་བ་དང་། ལྕོང་མོ་འདྲ་བ། སྦལ་པ་འདྲ་བ། པྲིར་འདྲ་བ་བཅས་སུ་གྱུར་པ་ཞིག་འོང་ཞིང་། ཐ་མ་པྲིར་འདྲ་བར་གྱུར་པ་ནི། སྐམ་སའི་མཐའ་བསྐོར་རྣམས་ཆུས་བཅད་པའི་དབྱིབས་ཀོ་གྲུ་མཚོ་ལ་བྱིང་བ་ལྟར་གྱུར་པའི་དུས་སུ། མི་རྣམས་ཀྱིས་གཙང་པོའི་འགྲམ་ནས་གཙུག་ལག་ཁང་ལ་རྒྱང་ནས་བལྟས་ཏེ་སྨོན་ལམ་ཕྱག་མཆོད་་བྱེད་དགོས་པ་ཞིག་འོང་བར་གསུངས་པ་དེ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།