Jump to content

ཀེའུ་ཚང་བླ་མ་རྣམ་གྲོལ་

ཡོང་ཁུངས་Wikipedia

ཀེའུ་ཚང་ནུབ་ཀྱི་བླ་མ་བློ་བཟང་རྣམ་གྲོལ་ཞེས་ལམ་རིམ་བླ་བརྒྱུད་ཀྱི་གྲས་སུ་བཞུགས་པ་དེ་ཡིན་ཅིང་། རྭ་སྒྲེང་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་སློབ་མ་ཡིན། འདིའི་རྣམ་ཐར་ཁོང་གི་དངོས་སློབ་ཆོས་མཛད་བློ་བཟང་བཀྲ་ཤིས་ཀྱིས་མཛད་པ་ཞིག་ཡོད་ཚུལ་རྗེ་ཤེས་རབ་རྒྱ་མཚོའི《དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག》ནང་འཁོད་འདུག་ཀྱང་ད་ཕན་ལག་ཏུ་མ་སོན་པས་རྗེས་སུ་འཚོལ་དགོས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།