Jump to content

ཀེ་ལི་ཞོ་རེ་མ་

ཡོང་ཁུངས་Wikipedia

བོད་སྔ་རབས་ཀྱི་ཁྲིམས་ཡིག་ཁ་བྱང་དུ་《གཡུ་འབྲུག་སྒྲོག་པའི་ཞལ་ལྕེ》ཞེས་དང་། མཇུག་བྱང་དུ《ཉེ་བར་མཁོ་བའི་བསྟན་བཅོས་ཁྲིམས་གཉིས་ལྟ་བའི་མེ་ལོང》ཞེས་འཁོད་པ་དེའི་ནང་གསལ་བའི་ཁྲིམས་ལུགས་ཐོག་གི་མིང་ཚིག་ཅིག་སྟེ། གོ་དོན་གང་ཡིན་དེ་སྔོན་ས་གནས་སྲིད་གཞུང་རྙིང་པའི་སྐབས་ཁྲིམས་ཀྱི་ལས་དོན་གནང་མྱོང་བ་མང་པོར་དོགས་འདྲི་ཞུས་ཀྱང་གསལ་བཤད་འདི་ཡིན་གནང་མཁན་མ་བྱུང་བར་བརྟེན་འོལ་ཚོད་ཀྱིས་བྲི་མ་ནུས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།