Jump to content

ཀུན་སྦྱོར་དགུ་

ཡོང་ཁུངས་Wikipedia

རྗེས་སུ་ཆགས་པའི་ཀུན་སྦྱོར། ཁོང་ཁྲོ་བའི་ཀུན་སྦྱོར། ང་རྒྱལ་གྱི་ཀུན་སྦྱོར། མ་རིག་པའི་ཀུན་སྦྱོར། ལྟ་བའི་ཀུན་སྦྱོར། མཆོག་ཏུ་འཛིན་པའི་ཀུན་སྦྱོར། ཐེ་ཚོམ་གྱི་ཀུན་སྦྱོར། ཕྲག་དོག་གི་ཀུན་སྦྱོར། སེར་སྣའི་ཀུན་སྦྱོར་རོ། ། དེ་ཡང་ཀུན་སྦྱོར་དགུ་པོ་ནི་འཁོར་བར་འཕེན་བྱེད་ཀྱི་རྩ་བ་ཉོན་མོངས་དུག་གསུམ་དང་འབྲེལ་བ་དམ་པོ་ཡོད་ཅིང་། དགུ་པོ་གང་ཞིག་ཀྱང་རང་རྒྱུད་ལ་ལྡན་པའི་གང་ཟག་དེ་འཁོར་བའི་གནས་སུ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དུ་འཇུག་པར་བྱེད་པས་ན་ཀུན་སྦྱོར་ཞེས་་བརྗོད་སྲོལ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།