ཀུན་སྤངས་ལྷ་རི་བ་
མཐོང་རིས་
ཀུན་སྤངས་ལྷ་རི་བ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་ལྔ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ1306ལོ་ནས་རབ་བྱུང་ལྔ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ1324ལོའི་བར་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་རྒྱལ་ལྷ་ཁང་གི་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་བུ་སློབ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ཉི་ཤུ་པ་ཡིན་ནོ། །