Jump to content

ཀུན་སྤངས་ལྷ་དབང་རྡོ་རྗེ་

ཡོང་ཁུངས་Wikipedia

སྡེ་སྲིད་གཙང་པའི་མི་ཐོག་དང་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་རྒན་གཞོན་དགུ་བྱུང་བའི་ནང་ནས་གྲགས་པ་ཅན་གྱི་བུ་གསུམ་སྟེ་ཀརྨ་མཐུ་སྟོབས་རྣམ་རྒྱལ། ཀུན་སྤངས་ལྷ་དབང་རྡོ་རྗེ། ཀརྨ་བསྟན་སྲུང་གསུམ་ཡིན་ཞེས་སྤེལ་སེར་བས་བྲིས་པའི《ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག》གི་འགོ་བརྗོད་ནང་གསལ་ཞིང་། ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་རྣམ་ཐར་ནང་སྐབས་དེར་ཀུན་སྤངས་ལྷ་དབང་རྡོ་རྗེས་གཞིས་ཀ་བསམ་འགྲུབ་རྩེར་སྲིད་དབང་བཟུང་བ་དང་། བསྟན་སྲུང་དབང་པོ་པ་རྣམ་ནོར་བུ་ཁྱུང་རྩེར་ཡོད་ཚུལ་ཙམ་ལས་དེ་མིན་གྱི་ལོ་རྒྱུས་གསལ་བ་མ་མཐོང་།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།