Jump to content

ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་

ཡོང་ཁུངས་Wikipedia

ཀུན་མཁྱེན་ཇོ་ནང་པའི་ཐུགས་སྲས་གཙོ་བོ་བཅུ་གསུམ་དུ་གྲགས་པའི་ནང་གསེས་ཤིག་སྟེ། འཁྲུངས་ཡུལ་རྒྱལ་རྩེ་ར་ལུང་དུ་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་འཁྲུངས། དགུང་ལོ་བདུན་ལ་ཆོས་སྒོར་ཞུགས་ཏེ། འདུལ་མངོན་རིག་གནས་རྣམས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གཅིག་ལ་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད། དགུང་ལོ་ཉེར་གསུམ་པར་ཇོ་ནང་མཁས་བཙུན་ཡོན་ཏན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་ལ་ཀུན་མཁྱེན་དོལ་པོ་བ་དང་མཇལ་ནས་རང་ལུགས་ཀྱི་ཆོས་སྐོར་མཐའ་དག་གསན་ཞིང《གཞི་ལམ་འབྲས་བུའི་རྣམ་བཞག》སོགས་གསུང་རྩོམ་ཀྱང་མི་ཉུང་བ་ཞིག་ཡོད། དགུང་ལོ་གྱ་གཅིག་པ་རབ་བྱུང་དྲུག་པའི་ཆུ་ཡོས(༡༣༦༣)ལོར་བྱང་པ་བདག་པོ་སི་རྡིའི་མིང་ཅན་གྱིས་སྐུ་བཀྲོངས་སོ། ལོ་རྒྱུས་མདོར་བསྡུས་ཙམ《ཇོ་ནང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༣༢ནས་༣༣བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།