ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་
མཐོང་རིས་
ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་ ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ1342ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ1409 ལོར་སྐུ་གཤེགས། ཁོང་དགུང་ལོ་སུམ་ཅུ་སོ་བརྒྱད་པ་རབ་བྱུང་དྲུག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ1379ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་། རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ1390ལོའི་བར་དུ་ལོ་ངོ་བཅུ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་པར་དབོན་པོ་བསོད་ནམས་གྲགས་པ་ལ་གདན་ས་གཏད་ནས་ཀུན་སྤངས་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ཉི་ཤུ་རྩ་བཞི་པ་ཡིན། །