Jump to content

ཀུན་ལྡན་རས་པ་

ཡོང་ཁུངས་Wikipedia

རིན་པོ་ཆེ་རྒྱལ་ཚའི་གཅུང་པོ། འདི་ཉིད་རབ་བྱུང་གསུམ་པའི་ས་འབྲུག(༡༡༤༨)ལོར་སྐུ་འཁྲུངས། ཕག་མོ་གྲུར་གཅེན་པོའི་རྒྱགས་སྐྱེལ་དུ་བྱོན་པས་རྗེ་བཙུན་མི་ལའི་རྣམ་ཐར་གསུང་བ་དང་ཐུག་དེ་འདྲ་བ་ཞིག་ངས་ཀྱང་བྱའོ་སྙམ་ནས་ཆོས་གྲྭ་དེར་མགོ་ལྕོག་ལྕོག་ལན་གསུམ་བྱས། འགྲོ་མགོན་ཕག་མོ་གྲུ་པར་གདམས་པ་ཞུས་ཏེ་བསྒོམས་པས་རྟོག་པ་ཁྱད་པར་ཅན་འཁྲུངས། གྲུབ་ཐོབ་ཆེན་པོར་གྱུར་ཏེ་མུ་གེ་བྱུང་བའི་ཚེ་ཁྲོ་ཕུའི་མཆོད་ཁང་གི་སྒོ་ལ་ཕྱག་མཁར་གཏུག་གཏུག་མཛད་ནས་རྣལ་འབྱོར་མ་རྣམས་དེ་རིང་རྣལ་འབྱོར་པ་ལ་བསོད་སྙོམས་ཤིག་ཞུའོ་གསུངས་པས་མཆོད་ཁང་གི་སྒོ་བར་ནས་ནས་ཕྱིར་མང་དུ་བྱུང་། ཡུལ་མི་ཐམས་ཅད་ཀྱིས་བླངས་ཀྱང་ཞག་ལྔའི་བར་དུ་ནས་མ་ཟད་པའི་གྲུབ་རྟགས་ཀྱང་བསྟན་སྐད། མཐར་དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་མེ་གླང(༡༢༡༧)ལོར་སྐུ་གཤེགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།