Jump to content

ཀུན་རྫོབ་རྒྱུ་འབྲས་

ཡོང་ཁུངས་Wikipedia

ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་ནང་ནས་དབུ་མ་པ་རྣམས་ཀྱིས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་དང་རྒྱུ་དགེ་སྡིག་གཉིས་ལ་བརྟེན་ནས་འབྲས་བུ་བདེ་སྡུག་གཉིས་འབྱུང་བ། རྒྱུ་འབྲས་གཉིས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་ཀྱང་། ཐ་སྙད་ཚད་མའི་སྣང་ངོར་རང་ངོས་ནས་གྲུབ་པ་ལྟར་སྣང་ཞིང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པ་རྣམས་ཀྱིས་ནི་རང་ངོས་ནས་མ་གྲུབ་པའི་རྒྱུ་ལས་རང་ངོས་ནས་མ་གྲུབ་པའི་འབྲས་བུ་འབྱུང་བར་མཁྱེན་པས་ན་ཀུན་རྫོབ་རྒྱུ་འབྲས་ཞེས་ཟེར།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།