ཀུན་རིག་རྩ་བའི་དཀྱིལ་འཁོར་
མཐོང་རིས་
《ངན་སོང་སྦྱོང་རྒྱུད》ནས་གསུངས་པའི་དཀྱིལ་འཁོར་མི་འདྲ་བ་བཅུ་གཉིས་ཡོད་པའི་ནང་ཚན་དང་པོ། སྦྱོང་རྒྱུད་བརྟག་པ་དང་པོ་ནས་གསུངས་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་བརྒྱ་དང་དགུ་ཡོད་པ་སྟེ། དབུས་སུ་ཀུན་རིག་རྣམ་པར་སྣང་མཛད། ཕྱོགས་བཞིར་དེ་བཞིན་གཤེགས་པ་བཞི་མཚམས་བཞིར་ཡུམ་བཞི། ཕྱོགས་བཞིའི་རྩིབས་བཅུ་དྲུག་ལ་སེམས་དཔའ་བཅུ་དྲུག། ཕྱིའི་མཚམས་བཞིར་ལྷ་མོ་བཞི་སྒོ་བཞིར་སྒོ་སྲུང་བཞི། ཕྱི་ཡི་ཁྱམས་ནང་མ་ལ་སེམས་དཔའ་བཅུ་དྲུག། ཁྱམས་བར་མ་ལ་སེམས་དཔའ་བཅུ་དྲུག་ཁྱམས་ཕྱི་མ་ལ་ཉན་ཐོས་བཅུ་དྲུག། དེའི་བར་བར་དུ་རང་རྒྱལ་བཅུ་གཉིས། ཕྱིའི་སྒོ་བཞིར་ཁྲོ་བོ་བཅུ་དྲུག་བཅས་ཞིབ་པར་གོང་གསལ་གྱི་མངོན་རྟོགས་ཆོ་ག་ཁག་ལ་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།