Jump to content

ཀུན་རིག་

ཡོང་ཁུངས་Wikipedia

རྣལ་འབྱོར་རྒྱུད་ཀྱི་རྩ་རྒྱུད《དེ་ཉིད་བསྡུས་པ》ལ་ནང་གསེས་དུམ་བུ་བཞི(༡རྡོར་དབྱིངས། ༢་ཁམས་གསུམ་རྣམ་རྒྱལ། ༣་འགྲོ་འདུལ། ༤དོན་གྲུབ)ཡོད་པ་ལས། དུམ་བུ་གཉིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་ཁོངས་གཏོགས《བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ》ནས་གསུངས་པའི་ལྷ་ཞིག་གི་མཚན་ཡིན། ཡོངས་གྲགས་སུ་ཀུན་རིག་རྣམ་པར་སྣང་མཛད་ཅེས་ཟེར། འདི་ལ་སྤྱི་བཀའ་དང་ཟུར་བཀའི་དབང་གཉིས་ཡོད་པའི་སྤྱི་བཀའི་དབང་ནི་མི་ཏྲ་བརྒྱ་རྩའི་ཐུན་མོང་མ་ཡིན་པའི་ལྷ་དྲུག་ཅུ་རེ་དྲུག་གི་ནང་ཚན་ཉི་ཤུ་རྩ་དྲུག་པར་ཡོད་ཅིང་། ཟུར་བཀའི་དབང་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་མཛད་པའི《དཀྱིལ་ཆོག་ནོར་བུའི་ཕྲེང་བ》དང་། ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའི《ཆོག་སྒྲིགས》པོད[ཆ]པའི་ནང་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།