ཀུན་འདུས་ནོར་བུའི་ལུགས་
མཐོང་རིས་
བླ་མ་བསྒོམ་སྟངས་ལ་ལུགས་གསུམ་ཡོད། བླ་མ་དང་ཡི་དམ་སངས་རྒྱས་སོགས་ཆ་ཚང་བར་སྒོམ་པ་དེ་ལ་ཁྲོམ་ཚོགས་ཀྱི་ལུགས། བླ་མ་དེ་ཡི་དམ་གྱི་དབུའི་སྟེང་ན་བཞུགས་པར་སྒོམ་པ་དེ་བླ་མ་རིགས་བདག་ཀྱི་ཚུལ་དུ་སྒོམ་པའི་ལུགས། ཡི་དམ་དང་སངས་རྒྱས་བླ་མ་སོགས་མང་པོ་སྒོམ་མི་དགོས་པར་བླ་མ་གཅིག་བསྒོམས་ནས་དེ་ཉིད་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་བསམ་པ་དེ་ལ་ཀུན་འདུས་ནོར་བུའི་ལུགས་ཤེས་ཟེར་རོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།