ཀུན་འགྲོ་ལྔ་
མཐོང་རིས་
དགེ་བ་དང་མི་དགེ་བ་ལུང་མ་བསྟན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའི་རྒྱུ་མཚན་གྱིས་ཀུན་འགྲོ་ལྔ་ཞེས་བཏགས་པ་སྟེ། ༡ཚོར་བ། ༢་འདུ་ཤེས། ༣སེམས་པ། ༤་རེག་པ། ༥ཡིད་ལ་བྱེད་པ་བཅས་ཡིན། དེ་དག་སོ་སོའི་ངོ་བོ་དང་། ནང་གསེས་ཀྱི་དབྱེ་བ་དང་བཅས་པ་སོ་སོའི་མིང་གི་འགྲེལ་བཤད་ཀྱི་སྐབས་འོག་ནས་གསལ་བ་ལ་གཟིགས། ཀུན་ཉོན་གཟུང་རྟོག རང་གི་དམིགས་སུ་གྱུར་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ཏེ། སྦྱོར་ལམ་དྲོད་ཀྱི་གནས་སྐབས་སུ་ཁོང་ཁྲོ་དང་ང་རྒྱལ་ལ་སོགས་པའི་ཉོན་མོངས་པའི་ཆོས་རྣམས་ལོངས་སྤྱོད་བྱར་འཛིན་པའི་བདེན་འཛིན་ཀུན་བཏགས་མངོན་གྱུར་པ་རྣམས་མགོ་གནོན་པར་བྱེད་དོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།