Jump to content

ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་

ཡོང་ཁུངས་Wikipedia

འདི་སྐབས་ཀྱི་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ནི། ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཡིན་པར་བཤད། འདི་ནི་བོད་ཀྱི་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག(༡༧༠༠)ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གསུམ་པའི་ཤིང་རྟ(༡༧༧༤)ལོར་འདས། དུས་ཐོག་དེར་ཁོང་ནི་བོད་དུ་སྙན་གྲགས་ཆེ་བའི་བཀའ་བརྒྱུད་ཆོས་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན། ལོ་རྒྱུས། སྙན་ངག། སུམ་རྟགས། མངོན་བརྗོད། སྒྲ་རིག་པ། སྨན་གཞུང་། མཚན་ཉིད་རིག་པ་སོགས་ཀྱི་རྩོམ་ཡིག་པོད་ཆེན༡༣ཙམ་སྡེ་དགེ་དཔར་ཁང་དུ་དཔར་ཡོད་ཅིང་།《སི་ཏུ་རིན་པོ་ཆེའི་རྣམ་ཐར་དྲི་བྲལ་མེ་ལོང》ཤོག་གྲངས༣༧༡ཡོད་པ་དེ་ནི་སློབ་མ་ཀརྨ་ཚེ་དབང་བསྟན་འཕེལ་གྱིས་བརྩམས་པ།སྡེ་དགེ་དཔར་ཁང་དུ་དཔར་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།