Jump to content

ཀུན་མཁྱེན་འཕགས་པ་འོད་

ཡོང་ཁུངས་Wikipedia

བུ་སྟོན་རིན་པོ་ཆེའི་རྩ་བའི་བླ་མ་གཙོ་ཆེ་བའི་གྲས་དང་། གསང་བ་འདུས་པའི་བླ་བརྒྱུད་དུ་བཞུགས་པ་དེ་ཡིན། འཁྲུངས་གཤེགས་ཀྱི་ལོ་ཚིགས་དང་རྣམ་ཐར་ཞིབ་པར་འཁོད་པའི་ཡིག་ཆ་ཁོ་བོས་མ་མཇལ་ཡང་། བུ་སྟོན་རིན་པོ་ཆེའི་རྣམ་ཐར་ནང་བླ་མ་འདིའི་དྲུང་ནས་གསང་སྔགས་སྤྱི་དང་གསང་བ་འདུས་པའི་སྐོར་ཐེངས་མང་པོའི་བར་དུ་གསན་ཚུལ་གསལ། འཕགས་འོད་ཡོན་ཏན་རྒྱ་མཚོ་ནི་རྗེ་ཙོང་ཁ་པ་དང་རྗེ་བཙུན་ཤེས་རབ་སེང་གེའི་སློབ་མ་ཡིན་ཅིང་། གསང་འདུས་རྒྱུད་འགྲེལ་དང་བསྐྱེད་རྫོགས་མཛད་པ་པོ་དེ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།