Jump to content

ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་

ཡོང་ཁུངས་Wikipedia

གསང་སྔགས་སྔ་འགྱུར་རྫོགས་པ་ཆེན་པོའི་བཤད་རྒྱུད་བཞིའི་ནང་གསེས་ཀུན་བྱེད་རྒྱལ་པོའི་རྒྱུད་ལ་མ་བུ་སྐོར་དགུར་ཕྱེ་བ་སྟེ། ༡ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ཐོས་པའི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་ང་བདུན། ༢རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། ༣་རྒྱུད་ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅོ་ལྔ་པ། ༤ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། ༥སྤྱིའི་བཤད་རྒྱུད་འཁོར་བ་རྩད་གཅོད། ༦་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་གསུམ། ༧སྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད་ལེའུ་བདུན་པ། ༨་སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པ། ༩་འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱད་ལེའུ་བཅུ་གཅིག་པ་བཅས་ཡིན་པར《མྱང་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས》ཇོ་ནང་ཏཱ་ར་ནཱ་ཐས་མཛད་པ་ལས་གསུངས་ཤིང《ཀློང་ཆེན་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༢༩༤ནས༡༡བར་ཀུན་བྱེད་རྒྱལ་པོ་མ་བུ་སྐོར་དགུའི་གྲངས་འདྲེན་ཚུལ་འདི་དང་མི་འདྲ་བ་ཞིག་འཁོད་པ་མ་་ཟད་སྐོར་དགུའི་ནང་ནས་གཅིག་ཆད་སྐྱོན་བྱུང་འདུག་པ་མ་དཔེ་ཁུངས་དག་ཅིག་ནས་ཁ་སྐོང་མཛད་གནང་ཡོད་པ་ཞུའོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།