ཀུན་བྱེང་ཀྱི་རྒྱུང་
མཐོང་རིས་
གསང་སྔགས་སྔ་འགྱུར་རྫོགས་པ་ཆེན་པོ་ལ་ཀློང་སྐོར་དང་ཕྱི་སྐོར་གཉིས་ཡོད་པའི་ནང་གསེས་གཉིས་པ་ཕྱི་སྐོར་ལ་རྣམ་གྲངས་དང་འགྱུར་ལུགས་གཉིས་ལས་རྣམ་གྲངས་ལ་རྒྱ་གར་དུ་དགུ་ཡོད(༡རྒྱུད་སྡེ། ༢་སེམས་སྡེ། ༣་ཀློང་སྡེ། ༤བམ་པོའི་སྐོར། ༥མདོ་ལུང་། ༦རྫོགས་ཆེན་མ་བུའི་སྐོར། ༧མན་ངག་རྫོང་འཕྲང་གི་སྐོར། ༨མན་ངག་སྙན་བརྒྱུད་ཀྱི་སྐོར། ༩མན་ངག་བསམ་གཏན་གྱི་སྐོར)པ་དང་། འགྱུར་ལུགས་ནི་རྒྱ་གར་གྱི་ཡུལ་དུ་རྫོགས་པ་ཆེན་པོར་རྒྱུད་སྡེ་མང་དུ་ཡོད་ཀྱང་བོད་དུ་བསྒྱུར་བ་བཅུ་དྲུག་ཡོད(རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི)ཅིང་། བཤད་པའི་རྒྱུད་བཞིའི་ནང་གསེས་གཉིས་པ་ནི་ཀུན་བྱེད་རྒྱལ་པོའི་རྒྱུད་ཡིན་པར《ཀློང་ཆེན་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༢༩༣ལས་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།