ཀུན་བྱང་ཕྱོགས་གཉིས་
མཐོང་རིས་
ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་གཉིས། འདི་ན་བདེན་པ་བཞིའི་ནང་ནས་རྒྱུ་ཀུན་འབྱུང་བདེན་པ་དང་། དེའི་འབྲས་བུ་སྡུག་བསྔལ་བདེན་པ་གཉིས་ནི་སྤང་བྱ་འཁོར་བའི་ཕྱོགས་ཡིན་པས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་ཐར་པ་ཐོབ་བྱེད་ཀྱི་རྒྱུ་ལམ་གྱི་བདེན་པ་དང་དེའི་འབྲས་བུ་འགོག་པའི་བདེན་པ་ནི་བླང་བྱ་ཐར་པའི་ཕྱོགས་ཡིན་པས་ན་རྣམ་པར་བྱང་བའི་ཕྱོགས་ཞེས་བརྗོད་པ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།