ཀུན་བཟང་ལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ་
མཐོང་རིས་
གསང་སྔགས་སྔ་འགྱུར་རྙིང་མའི་གཞུང་ནས་གསུངས་པའི་ཀུན་ཏུ་བཟང་པོ་ལ་འཁོར་རིག་འཛིན་བརྒྱད་ཀྱིས་བསྐོར་བ་སྟེ། གཙོ་བོ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཡབ་ཡུམ་ཞལ་སྦྱོར་རྒྱལ་བ་རྡོ་རྗེ་འཆང་གི་བཞུགས་སྟངས་དང་འདྲ་བ་ལ་ན་བཟའ་དང་རྒྱན་མེད་པའི་གཅེར་བུར་བཞུགས་པ་དེའི་འཁོར་དུ་རིག་འཛིན་བརྒྱད་དེ། ༡སྐུའི་རིག་འཛིན་སློབ་དཔོན་འཇམ་དཔལ་བཤེས་གཉེན། ༢གསུང་གི་རིག་འཛིན་སློབ་དཔོན་འཕཀས་པ་ཀླུ་སྒྲུབ། ༣ཐུགས་ཀྱི་རིག་འཛིན་སློབ་དཔོན་ཧཱུ་ཀ་ར། ༤ཡོན་ཏན་གྱི་རིག་འཛིན་སློབ་དཔོན་བི་མ་ལ་མི་ཏྲ། ༥འཕྲིན་ལས་ཀྱི་རིག་འཛིན་སློབ་དཔོན་པྲ་བྷ་ཧ་སྟི། ༦་དབྱིངས་ཀྱི་རིག་འཛིན་སློབ་དཔོན་དྷ་ན་སསྐྲ་ཏ། ༧མངོན་སྤྱོད་ཀྱི་རིག་འཛིན་སློབ་དཔོན་རོམྦུ་གུཧུ་ཙནྡྲ།།སྨོད་པ་དྲག་སྔགས་ཀྱི་རིག་འཛིན་སློབ་དཔོན་ཤནྟིམ་གརྦ་བཅས་ཀྱིས་བསྐོར་བ་ཞིག་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།