Jump to content

ཀུན་བཟང་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་

ཡོང་ཁུངས་Wikipedia

གསང་སྔགས་སྔ་འགྱུར་གྱི་གཞུང་འགའ་ཞིག་གི་སྤྱི་བཤད་སྐབས་གསུང་ཚུལ་དེ་འདྲ་ཞིག་ཡོད་འདུག་པར་དེ་ལ་གྲུབ་མཐའ་གཞན་ཕྱོགས་པའི་མཁས་པ་རྣམས་ཀྱིས་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པའི་སངས་རྒྱས་ཤིག་ཡོད་པར་ཐལ་བ་དང་། རང་ངོ་རང་གིས་མི་ཤེས་པའི་སངས་རྒྱས་ཤིག་ཡོད་པར་ཐལ་བ་དང་། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱིས་མི་མཉམ་པར་ཐལ་བ་སོགས་ཀྱི་དགག་པ་མཛད་མཁན་བྱུང་ཡོད་ཀྱང་། གོང་གསལ་གྱི་གསུང་ཚུལ་དེའི་གོ་དོན་ལ་དཔའ་བོ་གཙུག་ལག་ཕྲེང་བ་རང་ཉིད་ཀྱིས་འགྲེལ་བཤད་མཛད་སྐབས། འཁོར་འདས་གང་ཡང་མེད་པའི་སྔོན་ནི་ཆོས་ཉིད་ཀྱི་ངོ་བོ་ཉིད་ལ་འཁོར་འདས་གང་ཡང་མེད་པ་དང་། ཆོས་ཉིད་ཀྱི་རང་ངོ་ཤེས་པས་ཀུན་བཟང་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་སྟེ། དེ་ནི། རྒྱུད་ལས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཅེས་གསུངས་པ་སེམས་ཀྱི་རང་ངོ་ཤེས་ན་སྐད་ཅིག་ཉིད་དུ་གྲོལ་བ་དང་དེའི་འོད་ལྔ་ཡེ་ཤེས་ལྔ་དང་སྐུ་ལྔ་སོགས་ཀྱི་འགྲེལ་བཤད་མཛད་འདུག་པ་འདིར་རགས་བསྡུས་ཙམ་དུ་བཀོད་པ་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།