ཀུན་བཟང་མེ་ལོང་བྲག་དཀར་
མཐོང་རིས་
མདོ་སྨད་ཁྲི་ཀའི་མཁར་གྱི་གཡོན་ངོས་ཀོ་རའི་ལུང་པ་དང་ཉེ་བའི་སྲིན་པོ་རིའི་ཞོལ་དུ་ཡོད་པའི་སྒྲུབ་སྡེ་ཞིག་སྟེ། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་ཐོག་མར་ཕྱག་བཏབ། དགེ་འདུན་པ་ཉི་ཤུ་ལྷག་ཙམ་བཞུགས་པ་རྣམས་ཆོས་ཁྲིམས་དང་ཆོས་ཀྱི་བྱེད་སྒོ་གཙང་ཞིང་། དུས་བཟང་དང་དུས་ཆེན་ཁག་མ་གཏོགས་གཙོ་བོར་མཚམས་བཅད་དགེ་སྦྱོར་ཁོ་ནར་བཞུགས་སྲོལ། ཞིབ་པར་གོང་གསལ་《མདོ་སྨད་ཆོས་འབྱུང》ལྕགས་དཔར་མར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།