ཀུན་བཟང་
མཐོང་རིས་
༡་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ༢་གསང་སྔགས་སྔ་འགྱུར་གྱི་གཞུང་ནས་གསུངས་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་བཅས་གཉིས་ཀར་གོ་དགོས་པའི་སྐབས་མི་འདྲ་བ་ཡོད་ཀྱང་སྐབས་འདིར་(མཆན། སྐབས་འདིར་ཞེས་པ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང་གི༡༩༨༦ལོའི་ལྕགས་དཔར་མའི་ཤོག་གྲངས༢༩༡ཐོག་ཀུན་བཟང་ལ་རིག་འཛིན་གྱིས་བསྐོར་ནས་ཆོས་རྣམས་རང་བཞིན་ཉིད་ཀྱིས་དག་ཅེས་པ་འདིར་གོ་དགོས)ནི་ཕྱི་མ་སྟེ་སྐུ་མདོག་དཀར་པོ་ཡུམ་དང་བཅས་པ་བཞུགས་སྟངས་རྒྱལ་བ་རྡོ་རྗེ་འཆང་དང་འདྲ་བ་ལ་སྐུ་ལ་ན་བཟའ་དང་རྒྱན་གང་ཡང་མེད་པར་གཅེར་བུ་པད་ཟླའི་གདན་ལ་བཞུགས་པ་ཞིག་ཡོད་དོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།