Jump to content

ཀུན་བཏུས་

ཡོང་ཁུངས་Wikipedia

བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་ནང་གསེས་སྡོམ་རྣམ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ཐེག་པ་ཐུན་མོང་གི་སྡོམ《ཆོས་མངོན་པ་ཀུན་ལས་བཏུས་པ》ཞེས་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་བམ་པོ་ལྔའི་བདག་ཉིད་ཅན་གྱི་བསྟན་བཅོས་ཤིག། དེའང་ཉན་ཐོས་པ་དང་ཐུན་མོང་དུ་ཕྱི་རོལ་གྱི་རྣམ་པར་བཞག་པ་དང་། རྣལ་འབྱོར་སྤྱོད་པ་དང་ཐུན་མོང་དུ་མཚན་ཉིད་རྣམ་པ་གསུམ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པའི་རྣམ་པར་བཞག་པ་གསུངས་པའི་ཕྱིར་ཐེག་པ་ཐུན་མོང་གེ་སྡོམ་ཞེས་པ་དང་། བརྗོད་བྱ་མཚན་ཉིད་ཀུན་ལས་བཏུས་པ་དང་། བདེན་པ་རྣམ་པར་ངེས་པ་དང་། ཆོས་རྣམ་པར་ངེས་པ་དང་། ཐོབ་པ་རྣམ་པར་ངེས་པ་དང་། འབེལ་གཏམ་རྣམ་པར་ངེས་པ་སྟེ་བམ་པོ་ལྔར་བསྡུས་ནས་སྟོན། རྒྱ་གར་གྱི་མཁན་པོ་དྰི་པ་ཀ་ར་ཤྲྰི་ཛྙྰ་ན་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།