Jump to content

ཀུན་ནས་མནར་སེམས་པའི་རྒྱུ་དགུ་

ཡོང་ཁུངས་Wikipedia

འདིས་བདག་ལ་སྔར་གནོད་པ་བྱས་སོ། ། ད་ལྟ་བྱེད་དོ། མ་འོངས་པ་ན་བྱེད་པར་འགྱུར་རོ་སྙམ་དུ་སེམས་པ་གསུམ་དང་། བདག་གི་གཉེན་ལ་སྔར་གནོད་པ་བྱས་སོ། ད་ལྟ་བྱེད་དོ། མ་འོངས་པ་ན་བྱེད་པར་འགྱུར་རོ་སྙམ་དུ་སེམས་པ་གསུམ། བདག་གི་དགྲ་བོ་ལ་སྔར་ཕན་པ་བྱས་སོ། ད་ལྟ་བྱེད་དོ། མ་འོངས་པ་ན་བྱེད་པར་འགྱུར་རོ་སྙམ་དུ་སེམས་པ་གསུམ་བཅས་དགུ་ཡོད། དེ་དག་ནི་རང་ཉིད་ཀྱིས་གཞན་ལ་གནོད་སེམས་སྐྱེ་བའི་གཞི་རྩ་ཆེན་པོར་འགྱུར་བ་ཡིན་པས་ན་མིང་དེ་ལྟར་བཏགས་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།