Jump to content

ཀུན་ཏུ་སྦྱོར་བ་གསུམ་

ཡོང་ཁུངས་Wikipedia

བཤེས་སྤྲིངས་ལས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ལུས་ལ། ། ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་ཏེ། ། ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་བགྱི། ཞེས་པ་ལྟ་བུ་སྟེ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ལུས་མི་གཙང་བ་ལ་གཙང་བར་འཛིན་པ། ཐར་ལམ་ལ་དོགས་པ་ཟ་བའམ་ཡིད་མི་ཆེས་པ་བཅས་གསུམ་པོ་དེས་ཐར་པ་ཐོབ་པ་ལ་གེགས་བྱེད་པ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན། དེ་ཡང་དང་པོ་དེས་ཐར་ལམ་མ་ཡིན་པ་ལ་ཐར་ལམ་དུ་འཁྲུལ་བར་བྱེད་པ་དང་། གཉིས་པ་དེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་སྲེད་ཞེན་སྐྱེ་བར་བྱེད་པ་དང་། གསུམ་པ་དེས་ཐར་པ་ཐོབ་རྒྱུ་ཡོད་མེད་ལ་དོགས་པ་སྐྱེ་བར་བྱེད་པས་ན་དེ་ལྟར་བརྗོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།