ཀུ་རུ་ཀུ་ལྤེ་པ་

ཡོང་ཁུངས་Wikipedia

སྔར་རྒྱ་གར་དུ་ཉན་ཐོས་སྡེ་པའི་གྲུབ་མཐའ་སྨྲ་བ་ནང་གསེས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་གྲས་མང་པོས་བཀུར་བའི་སྡེ་པ་ལ་ནང་གསེས་ཚན་པ་གསུམ་དུ་གྱེས་པ་ལས་ཀུ་རུ་ཀུ་ལླེའི་སྡེ་པའམ་ས་སྒྲོགས་རི་པ་ཞེས་འབོད་པ་དེ་ཡིན། དེ་ཡང་སྡེ་པ་བཅོ་བརྒྱད་དུ་གྱེས་རྗེས་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀུ་རུ་ཀུ་ལླེའི་བྲག་ཕུག་ཡོད་ས་དེར་གནས་གཞི་མཛད་དེ་བཞུགས་པས་ན་སྡེ་པ་དེར་བཞུགས་གནས་ཀྱི་སྒོ་ནས་ཀུ་རུ་ཀུ་ལླེའི་སྡེ་པ་ཞེས་འབོད་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།