ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལམཚན་

ཡོང་ཁུངས་Wikipedia
Jump to navigation Jump to search

མདོ་སྨད་རྡོ་སྟོད་ཁུལ་དུ་ཡབ་ཚེ་རིང་འབུམ་དང་ཡུམ་སྐྱིད་མོ་ཡག་གི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག(༡༧༡༢)ལོར་འཁྲུངས། 《སྟག་ཚང་ལྷ་མོ་ཀིརྟི་དྭགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་རྙིང་ལྕགས་བྱ(༡༦༨༡)ལོ་ཡིན་པར་བཤད། དགུང་ལོ་བརྒྱད་ལ་། ཕེབས་དུས《ལམ་རིམ་ཉུང་ངུ་མཁས་པ་དགྱེས་པའི་མཆོད། སྤྲིན》ཞེས་པ་ལྗགས་རྩོམ་མཛད། གཉན་རྩེ་རིན་པོ་ཆེའི་། དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མདོ་སྔགས་ཀྱི་། ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པ་ཤིང་། སྟག༡༧༣༤ལོར་དབུས་སུ་བྱོན། རྒྱལ་སྲས་རིན་པོ་ཆེ་། འཇིགས་མེད་ཡེ་ཤེས་གྲགས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན། པའི་སྐུ་ཚབ་ཏུ་བཞུགས་པའི་དྲུང་ནས་བསྙེན་རྫོགས་ཀྱི། སྡོམ་པ་བཞེས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློབཟང་ཡེ་ཤེས་དང་། རྒྱལ་མཁན་ཆེན་གྲགས་པ་རྒྱལམཚན། ས་སྐྱ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཁྲི་ཆེན་རྒྱལ་མཚན་སེང་གེའཇམ་དབྱངས་བཞད་པ་འཇིགསམེད་དབང་པོ། ལྕང་སྐྱ་རོལ་པའི་རྡོ་རྗེ་བཅས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པགསན། དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་གསུམ་པའི་ས་འབྲུག(༡༧༤༨)ལོར་ཐ་ལ་རི་ཁྲོད་དུ་ཀིརྟི་དགོན་པའི་རྨང་གཞི་བཏིང་སྟེ་མིང་ལ་རྣམ་རྒྱལ་བདེ་ཆེན་གླིང་ཞེསབཏགས། སྔ་ཕྱིར་རོང་པོ་ཁུལ་དང་། ཅོ་ནེ། མཛོདདགེརྒྱལ་རོང་། རྔ་བ། སོག་ཡུལ་སོགས་སུ་བྱོནནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས(༡༧༧༡)ལོར་སྐུ་གཤེགས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་སྐུ་གཤེགས་པའི་ལོ་ཤིང་ཕག་(༡༧༥༥)ལོ་ཡིན་པར་བཤད། སྐུ་གདུང་དམར་གདུང་དུ་བཞུགས་སུ་གསོལ་བ་དེང་སང་ཡང་མ་ཉམས་པརབཞུགས་པ་སྟག་ཚང་ལྷ་མོ་དགོན་དུ་མཇལ་རྒྱུ་འདུགགསུང་རྩོམ་མི་ཉུང་བ་ཞིག་ཡོད་ཚོད་འདུག་ཀྱང་པོདགྲངས་དང་ལེ་ཚན་ཇི་ཡོད་དཔྱད་གཞི་གསལ་བ་ཞིག་མརྙེད། ལོ་རྒྱུས་རྣམ་ཐར་ཁོང་ཉིད་ཀྱི་དངོས་སློབ་ཧོརསྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་པས་མཛད་པ་དངགསང་བའི་རྣམ་ཐར་གསང་ཚིག་མུ་ཏོ་རྒྱ་མཚོ་དོན་ལྡནགྱིས་མཛད་པ་ཡོད། ལོ་རྒྱུས་གནད་བསྡུས《མདོ་སྨདཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༧༡༧ནས“༧༡༩བར་དང《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ལྕགས་དཔར་མའི་ཤོག་གྲངས༣༣ནས་ཤོག་གྲངས༣༨བར་གསལ་ལོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།