ཀཱ་ལ་རིའི་དགོན་བཀྲ་ཤིས་ལྷུན་གྲུབ་

ཡོང་ཁུངས་Wikipedia

རྗེ་ཙོང་ཁ་པའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ནང་ཚན་རོང་པོ་ལྗགས་ནག་པ་དགེ་འདུན་རྒྱལམཚན་གྱིས་རབ་བྱུང་བདུན་པའི་ཆུ་འབྲུག(༡༤༡༢)ལོར་བཏབ་པའི་དགོན་པ་ཞིག་ཡིན། ཐོག་མར་མགོན་པོ་གུར་དང་བྲམ་གཟུགས་གཉིས་ཀྱི་སྐུ་བརྙན་བཞུགས་པའི་མགོན་ཁང་ཙམ་བཞེངས། རྗེས་སུ་ཀིརྟི་སྐུ་ཕྲེང་གཉིས་པ་འགྲོམགོན་བསྟན་པ་རིན་ཆེན་གྱིས་བྱམས་སྐུ་བཞུགས་པའི་ལྷ་ཁང་བཞེངས་གནང་ཐོགརིམ་བཞིན་སློབ་མ་ཡང་སློབ་དང་། ཀིརྟི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ལྷ་ཁང་མང་པོ་གསར་བཞེངས་མཛད་པ་ཡིན། ཀིརྟི་སྐུ་ཕྲེང་དང་པོའི་སྐབས་རི་ཁྲོད་དེར་གྲྭ་པ་སུམ་ཅུ་ཙམ་ཡོད་ཅེས་རི་ཁྲོདའདིའི་ལོ་རྒྱུས་སུ་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།