Jump to content

ཀརྨ་བསྟན་སྲུང་དབང་པོ་

ཡོང་ཁུངས་Wikipedia

ཀརྨ་བསྟན་སྲུང་དབང་པོ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་སྦྱངས་པ་དང་། ཆོས་སྲིད་གཉིས་ཀའི་ཕྱོགས་ལ་མཐོང་རྒྱ་ཅུང་ཟད་ཆེ་བར་བྱུང་། རབ་བྱུང་བཅུ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ1605ལོར་དམག་སྣེ་དྲངས་ནས་འཕན་ཡུལ་དབང་དུ་བསྡུས་ཤིང་དགེ་ལུགས་པའི་སྦྱིན་བདག་སྡེ་བ་སྐྱིད་ཤོད་པ་གཏོར་ཏེ་དཔོན་དམག་མང་པོ་བསད། སྐྱིད་ཤོད་པ་དང་རིན་སྤུངས་པ་ལས་རྣམ་པར་རྒྱལ་རྗེས་པ་རྣམ་ནོར་བུ་ཁྱུང་རྩེར་རྒྱུན་བཞུགས་མཛད། གཅེན་པོ་ཀུན་སྤངས་པ་ལྷ་དབང་རྡོ་རྗེ་སྐུ་གཤེགས་རྗེས་བསམ་གྲུབ་རྩེར་བཞུགས་ནས་གཙང་སྟོད་སྡེ་པའི་ཆབ་སྲིད་བསྐྱངས་སོ། །ཁོང་ནི་གཙང་སྟོད་ཀྱི་སྡེ་སྲིད་གསུམ་པ་ཡིན་ནོ། །