ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་

ཡོང་ཁུངས་Wikipedia

བོད་ཀྱི་སངས་རྒྱས་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་བཞི་ཡོད་ཅིང་། བཀའ་བརྒྱུད་པ་ལ་ཡང་ནང་གསེས་ཆེ་བ་བཞི་དང་། ཆུང་བ་བརྒྱད་ཡོད་པའི་ནང་ནས་ཀརྨ་བཀའ་བརྒྱུད་པ་ནི་ཆེ་བ་བཞིའི་གྲས་ཡིན། བོད་ཀྱི་རབ་བྱུང་གསུམ་པའི་ས་བྱ(སུང་ཀའོ་ཙུང་ཀྲའོ་མུ་གི་ཁྲུན་ཞིས་ཁྲི་ལོ་བཅུ་དྲུག་པ)༡༡༨༩ལོར་དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་པ་དུས་གསུམ་མཁྱེན་པས་སྟོད་ལུང་ནང་དུ་མཚུར་ཕུའི་དགོན་པ་བཏབ་ནས་གནས་གཞི་བཟུང་། དེ་ནས་དར་སྤེལ་བྱུང་བའིབཀའ་བརྒྱུད་ཆོས་ལུགས་ལ་བོད་ཀྱི་ལོ་རྒྱུས་ཐོག་ཀརྨ་བཀའ་བརྒྱུད་དང་། མཚུར་ཕུ་བཀའ་བརྒྱུད་ཀྱང་ཟེར།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།