ཀརྨ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་

ཡོང་ཁུངས་Wikipedia

གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ། སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་དགུ་ཡོད་པ་ལས་མིང་གྲགས་ཆེ་བ་གསུམ་བྱུང(ཀརྨ་མཐུ་སྟོབས་རྣམ་རྒྱལ། ཀུན་སྤངས་ལྷ་དབང་རྡོ་རྗེ། ཀརྨ་བསྟན་སྲུང་དབང་པོ)བས་དེ་གསུམ་གང་རིགས་ཤིག་གི་བུ་ཡིན། རབ་བྱུང་དགུ་པའི་ལྕགས་ཁྱི(༡༥༥༠)ལོར་གཞིས་ཁ་བསམ་འགྲུབ་རྩེར་སྐྱེས། ལོ་ཆུང་དུས་ནས་ཕ་མ་གཉིས་ཀ་འདས། རང་ལོ་ཉི་ཤུ་རྩ་ལྔ་པ་ཤིང་ཁྱི(༡༥༧༤)ལོར་ཡར་རྒྱབ་པ་དང་མ་མཐུན་པར་དམག་དཔུང་ཡར་རྒྱབ་ཏུ་དྲངས་ནས་ཚར་བཅད་དེ་ཡར་རྒྱབ་སྡེ་པ་བདུད་འདུལ་གྲགས་པ་ཁྱིམ་ཚང་རྣམས་ལ་ལྟོ་སྐལ་གཞིས་ཀ་ཕྲན་བུ་བཅས་བཞག་རབ་བྱུང་བཅུ་པའི་ས་རྟ(༡༦༡༨)ལོར་གཙང་དམག་དབུས་སུ་དྲངས་ཏེ་སེ་འབྲས་གཉིས་ལ་དྲག་གནོན་བྱས་ཐོག། དབུས་ཁུལ་གྱི་སྲིད་དབང་ཡོངས་རྫོགས་བླངས་ཏེ་སེ་འབྲས་གླིང་ལོག་ཟེར་བ་བྱས། དེའི་ཕྱི་ལོར་ལྷོ་ཁ་ཁུལ་དུ་དམག་དྲངས་ཏེ་སྡེ་པ་སྐུ་རབ་པ་ཚར་བཅད་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡབ་ཚང་རྣམས་སྐབས་དེར་འཕྱོངས་རྒྱས་རྫོང་དཔོན་ཡིན་པ་ཡང་དབང་ཆ་ཕྲོགས་ཏེ་སྣ་དཀར་རྩེར་བཟང་བཙོན་དུ་བཅུག་སྟེ་ལོ་ཤས་མ་འགྱངས་པར་འདས། དེ་ནས་ལོ་ངོ་གཉིས་སོང་བའི་ལྕགས་སྤྲེལ(༡༦༢༠)ལོར་ཕྱི་ཚུལ་དུ་འབྲུམ་ནད་ཀྱིས་འདས་ཟེར་ཡང་། དོན་དངོས་སུ་གཟའ་ནད་ཕོག་སྟེ་འདས་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།