Jump to content

ཀརྨ་

ཡོང་ཁུངས་Wikipedia

ཀརྨ ་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་"ལས"ཞེས་པའི་དོན་ཡིན་ཏེ། འདིར་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཞེས་པའི་དོན་དུ་ཤེས་དགོས། དེ་ཡང་སྤྱིར་བཏང་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྒྲུབ་པ་དང་། བྱེ་བྲག་ཏུ་སོར་བྱང་སྔགས་གསུམ་གྱི་དམ་སྡོམ་བསྲུང་བ་ལ་ཐུགས་རྗེས་གཞན་རྒྱུད་སྒྲོལ་བ་དང་རྟོགས་པས་བདག་རྒྱུད་སྒྲོལ་བའི་ལས་ཐམས་ཅད་ཀྱི་ཚུལ་དུ་ཤེས་དགོས།

སྒྲ་བཤད།

[རྩོམ་སྒྲིག]

ཀརྨ་ནི་"ལས"ཀྱི་དོན་ཏེ།[]

སརྦྦ་ཀརྨ་སུ་ཙ་མེ་ཞེས་པའི་ཚིག་ཚོགས་ཡོངས་ཀྱི་དོན་ནི། "བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ།"[] ཡང་ན "བདག་གི་ལས་ཐམས་ཅད་ལ་ཡང་།"[]

སྦྱོར་ཚུལ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འགྲེལ་བ་ལྟར་ན། "སརྦྦ་ཞེས་པ་ཐམས་ཅད། ཀརྨྨན྄་ལས། དེ་ལ་རྣམ་དབྱེ་བདུན་པའི་མང་ཚིག་སུཔ྄་བྱིན་པས་ཀརྨྨ་སུ་སྟེ་ལས་རྣམས་ལ། ཙ་ཞེས་པ་སླར་བསྡུའི་དོན་ཅན་གྱི་མི་ཟད་པ་སྟེ་བོད་སྐད་ཀྱི་ཚིག་ཕྲད་འང་ཞེས་པའི་དོན། མེ་ཞེས་པ་མཏ྄་ལ་དྲུག་པ་བྱིན་པ་སྟེ་བདག་གི།"[]

དོན་གནད་ཆེ་བ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་འགྲེལ་བར། "དོན་ནི་ལས་ཐམས་ཅད་ལའང་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཐམས་ཅད་ལའང་མངའ་དབང་འབྱོར། རྒྱས་པར་ནི་ཕྲིན་ལས་ཉེར་བདུན་ནམ་ཕྲིན་ལས་རྣམ་བཞི་དང་། བསྡུས་ན། རྟོགས་པས་བདག་རྒྱུད་གྲོལ། ཐུགས་རྗེས་གཞན་རྒྱུད་གྲོལ། འབྲེལ་ཚད་དོན་དང་ལྡན་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་པའོ།"[]

རྒྱུ་ཆ་ཁུངས་བཀོད།

[རྩོམ་སྒྲིག]

ཡོང་ཁུངས།

[རྩོམ་སྒྲིག]
"https://bo.wikipedia.org/w/index.php?title=ཀརྨ་&oldid=152510"ལས་སླར་རྙེད་སོང།