ཀའུ་ཧི་

ཡོང་ཁུངས་Wikipedia

(高晖)གནས་བརྟན་སྡེ་པའི་ལུགས་ཀྱི་སངསརྒྱས་འདས་ལོ༡༣༠༧ཆུ་ཡོས(སྤྱི་ལོ༧༦༣)ལོར་བཙན་པོཁྲི་སྲོང་ལྡེ་བཙན་གྱིས་བཀའ་ཕབ་པ་ལྟར་བློན་པོ་ཞང་སྟོང་བཙན་དང་། དམག་དཔོན་ཏ་ར་ཀླུ་གོང་གཉིས་ཀྱིས་འ་ཞ་དང་ཏང་ཞང་གི་དམག་ཁྲི་ཉི་ཤུ་ལྷག་ཙམ་ཁྲིད་ནས་འབུམ་གླིང་ལྕགས་ཟམ་བརྒལ་ཏེ་ཐང་རྒྱལ་རབས་ཀྱི་སྡེ་གྲོང་མང་པོར་དམག་དྲངས་ཏེ་བཅོམ། ཐང་གི་དམག་དཔོན་ཀའུཧི་ཟེར་བས་བོད་ལ་མགོ་བཏགས་ཏེ་དམག་སྣ་ལམ་རྒྱུསབྱས་ནས་ཐང་གི་རྒྱལ་ས་ཁྲང་ཨན་ལ་དམག་དྲངས་ཏེ་ཁྲང་ཨན་གྲོང་ཁྱེར་བོད་ལ་ཤོར་ནས་ཉིན་བཅོ་ལྔ་རིང་བཟུང་བ་སོགས་ཀྱི་ལོ་རྒྱུས《ཐང་དེབ་གསར་རྙིང》གཉིས་སུ་གསལ་བ་དེ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།