ཀ་ལིབ་ཨེ་བྷུ་ཧྥ་ཁར་

ཡོང་ཁུངས་Wikipedia
Jump to navigation Jump to search

དབྱི་སི་ལན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་ཀ་ལིབ་མི་རབས་དང་པོ་ཡིན་ཅིང་། (སྤྱི་ལོ༥༧༣ནས༦༣༤)སྟོན་པ་མོ་ཧན་མུ་ཏེའི་མཛའ་གྲོགས་དང་གྱོས་པོ་རེད། མེ་ཁ་གྲོང་ཁྱེར་གྱི་མི་དྲག་ཅིག་ཡིན་པ་དང་། ལོ་ཆུང་དུས་ཚོང་པ་བྱས་མྱོང་ཞིང་། མོ་ཧན་མུ་ཏེས་དབྱི་སི་ལན་ཆོས་ལུགས་གསར་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱེདམཁན་གཙོ་བོ་ཞིག་ཡིན། སྤྱི་ལོ༦༢༢ལོར་མོ་ཧན་མུ་ཏེ་མེ་ཁ་གྲོང་དུ་གནས་བཟོད་མ་བདེ་བའི་རྐྱེན་གྱིས་མེ་ཏི་ན་ལབྲོས་རྗེས། སྤྱི་ལོ༦༣༡ལོར་མོ་ཧན་མུ་ཏེའི་ཚབ་བྱས་ཏེསྲོལ་རྒྱུན་འཛིན་མཁན་ཡིན། མོ་ཧན་མུ་ཏེ་འདས་རྗེས་ཀ་ལིབ་ཏུ་འདེམས་བསྐོ་བྱུང་སྟེ། སྤྱི་ལོ༦༣༢ནས༦༣༤བར་ལོ་གསུམ་རིང་དབང་ཆ་བཟུང་། དེའི་རིང《ཀོ་རནགསུང་རབ》ཐོག་མར་ཕྱོགས་བསྡུས་བྱས་པ་དང་ཆབས་ཅིག་རུས་རྒྱུད་ཚོགས་ཁག་གིས་ངོ་ལོག་ཟིང་འཁྲུག་བསླངས་པ་རྣམས་ཞི་འཇགས་བཏང་སྟེ་ཨ་རབ་ཕྱེད་གླིང་གཅིག་གྱུར་བྱས་སོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།