ཀ་དམ་པ་བདེ་གཤེགས
མཐོང་རིས་
ཀ་དམ་པ་བདེ་གཤེགས
ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་སྟག་ལོ་སྟེ་སྤྱི་ལོ1122ལོར་མདོ་ཁམས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་1192 ལོར་སྐུ་གཤེགས། ཁོང་ནི་ཕག་མོ་གྲུ་པའི་གཅུང་པོ་ཡིན། ཁོང་གིས་རབ་བྱུང་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ1159ལོར་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁོངས་སུ་ཀཿ ཐོག་དགོན་པ་གསར་འདེབས་མཛད། ཁོང་ནི་གསང་སྔགས་རྙིང་མའི་སློབ་དཔོན་གྲགས་ཆེན་ཞིག་ཡིན། ཁོང་གི་མཚན་དངོས་ལ་ཤེས་རབ་སེང་གེ་ཞེས་གསོལ། མཚན་གཞན་ལ་སྤོབས་པ་མཐའ་ཡས་ཀྱང་ཞུའོ།།