ཀ་ཉག་གྲོང་སྡེ་
མཐོང་རིས་
ཀ་ཉག་སྡེ་པའམ་གྲོང་སྡེ་ནི་ཨ་མདོ་རྔ་པ་རྫོང་ཁོངས་ཀྱི་རྔ་སྲིབ་ལྔ་བཅུ་ཤོག་གི་ནང་ཚན་གྱི་སྡེ་བ་ཞིག་ཡིན་ལ། གནའ་སྔ་མོ་རྨེའུ་རྒྱལ་འབངས་སུ་གཏོགས། ཕྱི་ལོ་༢༠༢༤ ལོ་ནས་ཡུལ་ཚོ་སྤྲོ་ཚིགས་ཡུལ་ཚོ་དང་ཁ་ཁར་བྱས་ཏེ། ཁྲིན་ཀན་ཁྲིན་ནམ། ཁྲིན་ཀན་གྲོང་སྡེའི་ཁོངས་སུ་བཅད་བགོས་བྱས་ཡོད། ཀ་ཉག་གྲོང་སྡེ་ཧྲིལ་པོ་ལ་དུད་ཚང་བརྒྱ་མ་ཟིན་ཙམ་ཡོད། རྔ་ཆུའི་གཡས་ཕྱོགས་ཀྱི་ལྷིང་འཇགས་ཀྱི་གྲོང་སྡེ་ཞིག་ཡིན། སྡེ་མི་ཕལ་མོ་ཆེས་ཆོས་འགོ་རྔ་པ་ཀིརྟི་དགོན་ལ་གཏད་ཡོད་ལ། ཉུང་ཤས་ཤིག་བསེ་དགོན་ལ་གཏད་ཡོད་པ་ཡང་ཡོད། ས་མ་འབྲོག་གི་སྡེ་བ་ཞིག་ཡིན་ནའང་དེང་སྐབས་ཞིང་ལས་དང་འབྲོག་ལས་བྱེད་མཁན་ཁྱིམ་ཚང་ཉུང་ཤས་ལས་མེད་པར་མང་ཆེ་བས་ཞིང་ལས་དང་། མཉམ་དུ་ཚོང་ལས་གཉེར་བཞིན་ཡོད།