ཀ་ཇུ་

ཡོང་ཁུངས་Wikipedia

ཐང་དེབ་གསར་རྙིང་གི་བོད་ཀྱི་ལོ་རྒྱུས་ཐོག་གསལ་བའི་ས་ཆའི་མིང་ཞིག་སྟེ་རྒྱ་ཡིག་ཐོག(河州)ཞེས་འབོད་པ་དེ་ཡིན། ས་ཁུལ་འདི་ནི་སྔར་ཐང་རྒྱལ་རབས་ཀྱིསྐབས་སུ་ལུང་ཡུག་ཏའོ(陇右道)ཡི་སྲིད་འཛིན་མངའ་། ཁོངས་སུ་གཏོགས། ཐང་རྒྱལ་རབས་ཀྱི་གོང་མ་ཀའོ་ཙུང་། གི་ཧྲང་ཡོན(上元)ཁྲི་ལོ་གཉིས་པར་(༦༧༥)བོད་ཀྱི་། བཙན་པོ་མང་སྲོང་མང་བཙན་གྱིས་བློན་ཆེན་ཞིག་། མངགས་ཏེ་འ་ཞ་དང་འདུམ་འགྲིགས་བྱེད་པར་བཏང་། ཡང་གོང་མས་མ་གསན་པར་བརྟེན། ལོ་དེའི་རྗེས་མར་བཙན་པོས་བོད་དམག་མངགས་ཏེ། ཀའོ་ཀྲའོ(廓州)ཧྲན་ཀྲའོ(鄯州)ཧི་ཀྲའོ(河州)སོགས་བཅོམ་པར་~བཤད་པ་དེ་ཡིན་ཅིང་། ས་ཆ་དེ་མང་སྲོང་མང་བཙན་གྱི་[དུས་ནས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་ཚེའི་སྟོད་ཀྱི་བར། བོད་ཀྱིས་བདག་བཟུང་བྱས་ཤིང་། ཁོང་གི་སྐུ་ཚེའི་སྨད། ལ་ཐང་བོད་དབར་དམག་འཁྲུག་ཡང་ཡང་བྱུང་རིང་ཕན། ཚུན་ཐོབ་ཤོར་ཐེངས་ཁ་ཤས་བྱུང་མྱོང་བ《ཐང་དེབ》lགསར་རྙིང་གཉིས་སུ་གསལ། ས་ཆ་དེ་དེང་སང་ཀན། སུའུ་ཞིང་ཆེན་གྱི་ལིན་ཞཱ་ཁོངས་སུ་གཏོགས་ཡོད། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཀ་ཇུ་&oldid=82593"ལས་སླར་རྙེད་སོང།