ཀ་གཞུང་ཆུ་ཚན་གྱི་ཕ་ཡུལ་

ཡོང་ཁུངས་Wikipedia

ནང་ཆེན་རྫོང་། ཀ་གཞུང་ཡུལ་ཚོ། མདོ་སྟོད་ནང་ཆེན་ཀ་གཞུང་ལ་ཆུ་ཚན་གྱི་ཕ་ས་རུ་གྲགས་ཤིང་། དེར་རྟ་རྣའི་ཕྱོགས་ལ་ཡོད་པའི་གཤིན་རུའི་གླང་པོའི་ཆུ་ཚན་དང་། སྦེ་འགག་ཆུ་ཚན། ཀ་འགག་ཆུ་ཚན། འཇའ་འགག་ཆུ་ཚན།(གོང་མ) འཇའ་འགག་ཆུ་ཚན།(འོག་མ) ག་ཆེན་ཆུ་ཚན། སྒལ་ཁའི་ཚུ་ཚན། (གོང་མ) སྒལ་ཁའི་ཆུ་ཚན།(འོག་མ) གནམ་ཀྱི་གླང་པོའི་ཆུ་ཚན་བཅས་ནི་དེང་སང་དངོས་སུ་བེད་སྤྱོད་བྱེད་པའི་ཚ་བའི་ཆུ་མིག་ཆེན་པོ་དགུ་ཡིན་ལ། གཞན་ཡང་དྲོད་གྲངས་ཅི་རིགས་ཀྱི་ཚ་བའི་ཆུ་མིག་ཆུང་ངུ་བརྒྱ་ཕྲག་ཁ་ཤས་ཡོད།