ཀ་ཀ་ནི་

ཡོང་ཁུངས་Wikipedia
Jump to navigation Jump to search

ཀ་ཀ་ནི།[རྩོམ་སྒྲིག]

གནའ་རབས་རྒྱ་གར་གྱི་གསེར་དངུལ་ལྗིད་ཚད་འཇལ་བྱེད་ཀྱི་ཚད་གཞི་ཞིག་སྟེ།
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི《དྲིས་ལན》གྱི་ཚིག་རྒྱལ་དབང་ལྔ་པ་ཆེན་པོས《འདུལ་བའི་ལས་ཆོག》ཏུ་དྲངས་པ་ལས། ཀ་ཀ་ནི་ཞེས་པ་ནི། ཀུཉྫ་ཞེས་འབོད་པ་དམར་རུ་མགོ་ནག་གི་མིང་ཡིན།
ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་བྱ་བ་གསེར་སེ་བ་དོ་ཡིན་ཞེས་སོགས་དྲངས་ཡོད། དམར་རུ་མགོ་ནག་ནི་དབྱིབས་སྲན་རིལ་ལྟར་འཇོང་རིལ་ཡིན་པ་ལ། ཕྱེད་ཀ་ནག་པོ་དང་ཕྱེད་ཀ་དམར་པོ་ཡིན་པ་ཞིག་སྟེ། དེ་སྔབོད་དུ་མནྜལ་གྱི་ནང་བླུགས་ཀྱི་ཡོད་པ་དེ་ཡིན་ཅིང་། སྨན་གཞུང་ལས་ལྡུམ་བུ་མདའ་རྒྱུ་ཞེས་འབོད་སྲོལ་ཡོད། དམར་རུ་མགོ་ནག་གམ་ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེསགསེར་སེ་བ་དོ་ཡི་ལྗིད་ཚད་ཡིན་པ་དང་དེའི་ཕྱེད་དེ་ཀ་ཀ་ནི་གཉིས་ལ་གསེར་སེ་བ་གང་གི་ལྗིད་ཚད་ཡིན་ཅིང་། གསེར་སེ་བ་ཉི་ཤུ་ཐམ་པ་ལ་རྒྱ་གར་གྱི་གསེར་ཞོ་གང་དང་བོད་ཀྱི་གསེརཞོ་དོ་སྟེ་གསེར་སེ་བ་བརྒྱད་ཅུ་ཐམ་པ་ཡོད། རྒྱ་གར་གྱི་གསེར་ཞོ་བརྒྱ་ལ་གསེར་སྲང་གང་། དེ་ལ་བོད་ཀྱི་གསེར་སྲང་གང་དང་ཞོ་དྲུག་རྩིས་པ་ནི་བརྒྱད་ཞོ་ཞེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོའི་བར་ལོ་བརྒྱད་བརྒྱ་བདུན་ཅུ་དོན་བདུན་རིང་བརྒྱད་ཞོ་དང་བརྒྱད་སྲང་སི་ལུགས་དེ་བེད་སྤྱོད་བྱས་པ་ད་ཡོད་བོད་ཀྱི་ཁྲིམས་ཡིག་ཁག་གི་ནང་གསལ་ཞིང་། རབ་བྱུང་བཅུ་གསུམ་པའི་ལོ་ཞེ་དྲུག་པ་ཆུ་བྱི(༡༧༩༢)ལོར་མན་ཆིང་གོང་མ་ཆན་ལུང་གིས་བཀའ་ཕབ་པ་ལྟར་བོད་ས་གནས་སུ་བོད་དངུལ་ཞོ་གང་སྐར་ལྔ་དང་། ཞོ་ཕྱེད་དོ། ཞོ་གང་། ཞོ་ཕྱེད་བཅས་ཀྱི་པརའདེབས་འགོ་ཚུགས་པ་ནས་བཟུང་མེས་རྒྱལ་ནང་ཁུལ་གྱི་ས་གནས་གཞན་དག་དང་འདྲ་བར་ཞོ་བཅུ་ལ་སྲང་གངདུ་བརྩིས་པའི་བཅུ་སྲང་གྱི་ལམ་ལུགས་ལག་བསྟར་བྱས་པ་རེད། oooooooooh :O

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།
གང་ལ