༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར།
༄༅། ། བོད་གངས་ཅན་གྱི་ལྷ་སྐལ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་མིའི་རྣམ་རོལ་དུ་བྱོན་པ་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མི་རིགས་ཙམ་དུ་མ་ཟད། འཛམ་གླིང་མི་དམངས་ཁྱོན་ཡོངས་ལ་ཤིན་ཏུ་བཀའ་དྲིན་ཆེ་སོང་། ཁོང་གིས་ད་བར་དུ་འཇོག་གནང་བའི་འགྲོ་བ་མིའི་བདེ་སྡུག་གི་དོན་དུ་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བླངས་པ་ཡིན་ན། ཁོང་འཛམ་གླིང་གི་ཡུལ་གྲུ་ས་གནས་གང་དུ་ཕེབས་ཀྱང་སྐུ་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་དེ་ཡང་ནས་ཡང་དུ་གསུངས་པ་དང་། དེ་དེང་གི་འཇིག་རྟེན་ན་མེད་དུ་མི་རུང་བའི་དགོས་ངེས་ཤིག་ཡིན་པར་དུས་རྟག་ཏུ་གསུངས་ཀྱི་ཡོད། དེ་ཡང་ང་ཚོས་སྐུ་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་པོ་རྣམས་རྒྱུན་ལྡན་གྱི་ཉིན་རེའི་འཚོ་བའི་ཁྲོད་ཉམས་སུ་ལེན་པ་ལ་ཐོག་མ་ཁོང་གིས་ད་བར་དུ་གནང་བའི་མི་ཚེ་ལམ་སྟོན་དང་འབྲེལ་བའི་བཀའ་སློབ་དང་། ལྷག་པར་དུ་ཐུགས་བསྐྱེད་དམ་བཅའ་བཞི་པོ་རྣམས་ངེས་པར་དུ་རྒྱུས་མངའ་ཡོད་དགོས། གལ་ཏེ་ང་ཚོས་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་པོ་རྣམས་ལ་གོ་རྟོགས་དང་རྒྱུས་མངའ་ཟབ་པོ་ཡོད་ན། རང་ཉིད་ཀྱི་མི་ཚེ་འདི་ཉིད་རང་བཞིན་གྱི་བྱམས་པ་དང་། སྙིང་རྗེ། བརྩེ་སེམས། ཞི་བདེ་ལྡན་པ་ཞིག་ཏུ་གྱུར་རོ། །
དེས་ན་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་རེ་རེ་ནས་ཞུས་པ་ཡིན་ན།
[མ་ངོས་ཞུ་དག]༡༽ ཁོང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པ།
[མ་ངོས་ཞུ་དག]སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་སྤྱོད་དང་། བྱམས་པ་། བརྩེ་བ། བཟོད་བསྲན། ཆོག་ཤེས་བཅས་གོང་སྤེལ་གཏོང་རྒྱུ་དེ་ཡིན། ཁོང་གིས་འགྲོ་བ་མི་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན་ཕན་ཚུན་ནང་སེམས་ཀྱི་ཡོན་ཏན་གོང་འཕེལ་གོང་མཐོར་གཏོང་དགོས་པ་ལས། ཆུང་ས་ནས་རིགས་རུས་དང་། རྒྱལ་ཁབ། མི་རིགས་ཀྱི་མིང་དུ་འཛིན་ནས་ཁ་བྲལ་དུ་བྱེད་པ་དེ་ལྟ་བ་རྙིང་པའམ་བསམ་བློ་རྙིང་པའི་འཁྱེར་སོ་ཡིན། དེས་ན་ང་ཚོ་ཚང་མ་ཆུང་དུས་རང་ཉིད་ཀྱི་གཅེས་པའི་མ་ནས་སྐྱེས་པ་ཡིན་དུས་ང་ཚོ་ཚང་མ་གཞི་རྩའི་དགོས་ཡ་དེ་བདེ་སྐྱིད་དེ་ཡིན་ལ། མི་ཚེའི་ནང་དུ་ཆེས་དགོས་ངེས་ཆེ་ཤོས་དེ་ཡང་བདེ་སྐྱིད་དེ་ཡིན། བྱས་ཙང་ང་ཚོ་བསམ་བློའི་ནང་དུ་སའི་གོ་ལའི་འདིའི་སྟེང་དུ་གནས་པའི་སྲོག་ཆགས་ཀྱི་རིགས་དང་། འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་གྱི་ངོ་བོའི་ཐོག་འཛིན་པ་ཡིན་ན། ད་གཟོད་འཛམ་གླིང་འདི་ཉིད་ཞི་བདེ་དང་ལྡན་པ་ཞིག་དང་། སྤྱི་ཚོགས་བདེ་འཇགས། བདེ་སྐྱིད་དང་ལྡན་པའི་ཁོར་ཡུག་ཞིག་ཏུ་འགྱུར་ངེས་རེད།
༢། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ།
[མ་ངོས་ཞུ་དག]༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། འཛམ་གླིང་གི་ཆོས་ལུགས་ཆེན་པོ་རྣམས་ཀྱི་དབར་ཕན་ཚུན་བརྩི་བཀུར་དང་མཐུན་ལམ་གོང་སྤེལ་གཏོང་རྒྱུ་དེ་ཁོང་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཡིན། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང་། བྱམས་པ་དང་། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་སོགས་ཉམས་སུ་ལེན་པར་ཆོས་ལུགས་གཙང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་འདོད།
༣༽ བོད་ཀྱི་སྐད་ཡིག་དང་ཆོས་རིག ཁོར་ཡུག་སྲུང་སྐྱོབ།
[མ་ངོས་ཞུ་དག]༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་ནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུངཾག་བཅས་ལ་སེམས་ཁུར་དང་། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་བྱ་རྒྱུ་དེའང་ངོས་ཀྱི་འགན་འཁུར་ཡིན།
༤༽ རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ།
[མ་ངོས་ཞུ་དག]༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ།
མཇུག་སྡོམ། (Conclusion)
[མ་ངོས་ཞུ་དག]
མདོར་ན། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་འདི་བཞི་ནི་ཆབ་སྲིད་དང་། མི་རིགས། ཆོས་ལུགས་ཀྱི་མཚམས་ལས་བརྒལ་ཏེ་འགྲོ་བ་མི་ཀུན་ལ་ཕན་པའི་ལམ་སྟོན་ཞིག་ཡིན། དམ་བཅའ་འདི་དག་བརྒྱུད་ནས་ཁོང་གིས་འཛམ་གླིང་འདིའི་སྟེང་ནང་གི་བསམ་བློ་ཡར་རྒྱས་བཏང་སྟེ་ཕྱི་ཡི་ཞི་བདེ་བསྐྲུན་ཐབས་གནང་གིན་ཡོད། འདི་ནི་ཁོང་གིས་འགྲོ་བ་མིའི་རིགས་ལ་བཞག་པའི་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་དང་། མ་འོངས་པའི་མི་རབས་རྣམས་ལ་བཞག་པའི་མིག་དཔེ་བཟང་པོ་ཞིག་ཀྱང་ཡིན།