Wikipedia:རིག་མཛོད་སྐོར།

ཡོང་ཁུངས་Wikipedia

ཝེ་ཁེ་རིག་མཛོད་ཅེས་པ་ནི་མི་ག་གེ་མོས་རང་མོས་ངང་དེའི་ནང་དོན་རྩོམ་སྒྲིག་དང་ལེགས་བཅོས་བྱེད་ཆོག་ཅིང་། ཚོང་ལས་ཀྱི་ངོ་བོ་རུ་མ་ཕྱིན་པ་ལ། ཞལ་འདེབས་ལེན་མཁན་གྱི་དྲ་ནང་གི་ཀུན་འདུས་རིག་མཛོད་ཅིག་རེད། ཝི་ཀི་པི་ཌི་ཡ་༼Wikipedia༽ལས་ཝི་ཀི་༼wiki༽ནི་ཧ་ཝི་ཨིན་༼ Hawaiian ༽སྐད་དེ། མགྱོགས་ཙམ་མགྱོགས་ཙམ་ཞེས་པའི་དོན་དང་། པི་ཌི་ཡ་ནི་རིག་མཛོད་ཀྱི་མཚོན་དོན་དུ་ཡོད་པའི་དབྱིན་ཡིག་encyclopediaབསྡུས་པ་རེད། སྐད་ཡིག་གང་མང་གི་པར་གཞི་ཡོད་པའི་དྲ་བ་དེ་ཝེ་ཁེ་སྨྱན་སྦྱོར་ཐེབས་རྩ་ཚོགས་པས་གཉེར་སྐྱོང་བྱེད་གི་ཡོད་པ་དང་། དབྱིན་ཡིག་ཝེ་ཁེ་རིག་མཛོད་དེ་དང་ཐོག་༢༠༠༡་ལོ་ནས་བཙུགས་པ་ནས་བཟུང་། ལམ་སེང་མི་མང་གི་ཡིག་རིགས་འཚོལ་གནས་ཤིག་ཏུ་འགྱུར་པ་མ་ཟད། འཛམ་གླིང་ས་ཕྱོགས་ག་ས་ནས་ཐོ་འགོད་བྱེད་མཁན་མི་ཁྲི་༣༥༠བྱུང་བ་དང། དེའི་ནང་ནས་མི་ཁྲི་བཅུས་དུས་ཡོན་རིང་པོའི་ནངརང་ཡོད་གང་ནུས་ཀྱིས་རིག་མཛོད་ཏུ་ཚིག་ཚན་རྩོམ་སྒྲིག་དང་ལེགས་བཅོས་བྱས་པས་མ་ཚད། ཚིག་ཚན་ཡོངས་ལ་རྩོམ་སྒྲིག་ཐེངས་དུང་ཕྱུར་༡༠ལྷག་ལས་རྒལ་བ། ༢༠༡༢ལོའི་ཟླ་༨སྔ་ཚན་དུ། སྐད་རིགས་༢༨༥ཙམ་གྱི་ཝེ་ཁེ་རིག་མཛོད་ཀྱི་པར་གཞི་དོན་པ་རེད། ཝེ་ཁེ་རིག་མཚོད་ཀྱིས་དུས་ཡུན་མཐུང་པོའི་ནང་ཉེ་སྐབས་རྩོམ་སྒྲིག་བྱས་པའི་ནང་དོན་མཁོ་སྤྱོད་ཐུབ་པའི་མ་ཚད། མི་སུས་ཀྱང་ནང་དོན་ལ་ལེགས་སྒྲིག་བྱ་ཆོག་པས། མི་མང་པོས་དེ་གསར་འགྱུར་གྱི་ཡོང་ཁུངས་ཤིག་ཏུ་རྩིས་པ་དང་། མ་ཟད། སློབ་ཕྲུག་དཀྱུས་མ་དང་། དེ་མིན་དྲ་མྱུར་བས་གོ་སླ་བའི་ཕྱིར་དུ་ཝེ་ཁེ་རིག་མཛོད་ནང་གི་ཚིག་ཚན་ཐམས་ཅད་གོ་བདེའི་བརྡ་ཆད་ཤ་སྟག་གིས་འབྲེལ་རྒྱག་པའི་སྲོལ་དར་བ་རེད། ཝེ་ཁེ་རོག་མཛོད་ཀྱི་ཞབས་ཞུ་དེ་སྤྱི་ཚོགས་སུ་ཐིམ་པ་ནས། དེ་མིན། ཝེ་ཁེ་གསར་འགྱུར་དང། ཝེ་ཁེ་བསླབ་ཚན་བསླབ་དེབ་ལ་སོགས་པའི་གཅེན་གཅུང་ལས་གྲྭ་མང་པོ་ཞིག་བསྐྱེད་པ་རེད།
ཝེ་ཁེ་རིག་མཛོད་དེ་དབུ་ལམ་ལྟ་བ་དང་ཡོང་ཁུངས་ཁ་གསལ་གྱི་མཛུབ་སྟོན་འོག་རྩོམ་སྒྲིག་བྱ་དགོས་ཀྱང་། མི་ག་གེ་མོས་རྩོམ་སྒྲིག་བྱ་ཆོག་པའི་ཁྱད་ཆོས་ལ་དམིགས་ནས། ཝེ་ཁེ་རིག་མཛོད་ཀྱི་ཚིག་ཚན་གྱི་སྤུས་ཀ་དང་། དཔྱད་གཞིའི་རང་ཚུགས། དེ་བཞིན་སྒྲིག་པ་པོས་ལངས་ཕྱོགས་འཐེན་འཁྱེར་སོགས་ལ་སྤྱི་ཚོགས་མི་སྣས་དོགས་སློང་དང་སྐྱོན་བརྗོད་སྣ་ཚོགས་བྱའོ། ཡང་སྤྱི་ཚོགས་མི་སྣ་ཁ་ཤས་ཀྱིས་བཤད་དོན། ཝེ་ཁེ་རིག་མཛོད་ཀྱིས་ཝི་ཀིའོ་ལག་རྩལ་བེད་སྤྱེད་པས། སུ་ཞིག་གིས་རྩོམ་སྒྲིག་བྱ་ཆོག་པ་ནི་མ་གཞི་ནས་ཝེ་ཁེ་རིག་མཛོད་ཀྱི་བཅོས་ཐབས་མེད་པའི་སྐྱོན་ཞིག་རེད་ཅེས་དང་། དམིགས་ཡུལ་བཅངས་བའི་མིས། རང་གི་ལྟ་བ་འཁྱེར་ནས་ད་ཡོད་ད་མེད་ཀྱི་ཆོས་སྲིད་ཚིག་ཚན་རྩོམ་སྒྲིག་དང་བསྒྱུར་བཅོས་བྱས་ནས། རྫུན་བཟོ་དང་གླེང་སློང་བྱེད་མོས་རེད་ཟེར། འོན་ཀྱང་། ཝེ་ཁེ་རིག་མཛོད་ཀྱི་སྲོལ་གཏོད་མཁན་ལྗིམ་འོད་ཟེར་དང་། དབྱིན་ཇིའི་ནེའུ་ཅིང་སློབ་ཆེན་གྱི་དགེན་ལྗོ་ནཱ་ཐན་ཟི་ཁྲའན་༼Jonathan Zittrain༽ལ་སོགས་པའི་ཤེས་ཡོན་མི་སྣས་ཚིག་ཚན་གྱི་བདེན་དོན་རང་བཞིན་གྱི་རྩོད་པ་ནི་མང་ཆེ་བ་ཝེ་ཁེ་ལ་བཅངས་པའི་ཕྱོགས་རིས་ཀྱིས་བྱེད་པ་རེད་ཅེས་གསུངས་སོ། མ་ཟད། ཚིག་ཚན་གྱི་བདེན་ཕྱོགས་རང་བཞིན་འགན་སྲུང་ཡོང་བའི་ཕྱིར་དུ། ཝེ་ཁེ་ཚང་ནས་ཚིག་ཚན་རྩོམ་སྒྲིག་གི་ལམ་སྟོན་དང་བྱེད་ཕྱོགས་མང་པོ་ཞིག་གཏན་ལ་ཕབ་ནས། ནམ་རྒྱུན་ཚིག་ཚན་བཟོ་དུས། སྒྲིག་པ་པོས་ཕྱི་ཕྱོགས་ཡིད་ཚེམས་ཀྱི་དཔྱད་གཞིའི་ཡོང་ཁུངས་ཤིག་གསལ་པོར་བཀོད་པའི་རེ་སྐུལ་ཞུ་གི་ཡོད་རེད།

ལོ་རྒྱུས།[རྩོམ་སྒྲིག]

ཝེ་ཁེ་རིག་མཛོད་ཀྱི་དང་པོའི་ཡོང་ཁུངས་ནི། དབྱིན་ཡིག་དྲ་རྒྱའི་ཀུན་འདུས་རིག་མཛོད་ནུ་ཕེ་ཌི་ཡའི་༼Nupedia༽ཕན་རོགས་རྣམ་གྲངས་ཤིག་གི་ངོས་ནས་དོན་པ་རེད། ནུ་ཕེ་ཌི་ཡ་ནི་ཝེ་ཁེ་རིག་མཛོད་དང་ཆ་འདྲ་བར། རིན་མེད་ཀྱིས་སྤྱི་ཚོགས་ཡོངས་ལ། ཚིག་ཚན་མཁོ་སྟོན་ཞུའོ། མ་འདྲ་བའི་ཆ་གཙོ་བོ་ནི། ནང་དོན་རྩོམ་སྒྲིག་ཐད་སྲོལ་རྒྱུན་རིག་མཛོད་ལྟར་དུ། ཆེད་ལས་མཁས་པས་རྩོམ་སྒྲིག་ཚར་ནས་ལས་ཐོག་གཅིག་པའི་མིས་ཞུ་དག་དང་བཅས་ནས། གཞི་ནས་ཡར་དྲ་ཐོག་ཏུག་བསྐྱེལ་གི་ཡོད་རེད། ནུ་ཕི་ཌི་ཡ་དྲ་ཐོག་ཏུ་སྤེལ་བ་ནས་པི་མི་སི་སྤྱི་གཉེར་ཁང་གི་རོགས་སྐྱོར་རག་པ་དང་། རིག་མཛོད་དེ། དང་པོ་ཉིད་ནས། ནང་དོན་ཐད་རང་དབང་སྒོ་དབྱེའི་གྲོས་ཡིག་འོག་ཏུ་བེད་སྤྱོད་རྒྱུའི་གཏན་འབེབས་བཟོསོ། རྗེས་ཕྱོགས་སུ། རི་གྲ་སི་ཐེ་མན་གྱི་བསམ་འཆར་ལྟར་རྩོམ་ཡིག་བེད་སྤྱོད་ཀྱི་གྲོས་ཡིག་དེ་སྔར་བས། ཆ་ཚང་དང་། ཁ་གསལ་ཅན་གྱི་GNUརང་དབང་ཡིག་ཆའི་བེད་སྤྱོད་གྲོས་ཡིག་ཏུ་བསྒྱུར་པ་རེད། ནུ་ཕེ་ཌི་ཡས་དྲ་རྒྱའི་རིག་མཛོད་ཀྱི་འཕེལ་རྒྱས་ཁྲོད་ཝེ་ཁེ་རིག་མཛོད་ཀྱི་སྔ་ཆས་སུ་GNUགྲོས་ཡིག་བེད་སྤྱོད་བཏང་པ་རེད། པོ་མི་སིའི་སྤྱི་ཁྱབ་འགན་འཛིན་དང་། ལག་བསྟར་བ་གཅིག་ལྕོགས་ལྗིམ་འོད་ཟེར་གྱིས་དངོས་གནས་དྲང་གནས་ཀྱི་ལྟ་ཀློག་རང་དབང་དང་མང་ཚོགས་ཚང་མས་རྩོམ་སྒྲིག་ཆོག་པའི་དྲ་རྒྱའི་རིག་མཛོད་ཅིག་བཏོན་པའི་བསམ་བློ་ཡོད་ནའང་། ནེ་ཕེ་ཌི་ཡའི་རང་ངོས་ཀྱི་འཕེལ་རྒྱས་ཆེད་དུ། ལྗིམ་འའོད་ཟེར་གྱིས་ཐེངས་མང་དུ། ཁོང་རང་གིས་གདན་ཞུས་པའི་དབུ་བཞུགས་རྩོམ་སྒྲིག་པ་ར་རི་སངས་དགེ་དང་མཉམ་དུ་སྔར་བས་རང་དབང་ཅན་གྱི་རིག་མཛོད་ཅིག་ནུ་ཕེ་ཌི་ཡའི་རམས་འདེགས་ཀྱི་ཚུལ་དུ་གསར་སྤེལ་བྱ་བའི་གྲོས་གཞི་བཤམ་པ་རེད། དུས་ཚོད་༢༠༠༡ལོའི་ཟླ་༡ཚེས་༢ཉིན། སངས་དགེ་དང་གཞན་རྩིས་འཕྲུལ་བྱ་རིམ་གྱི་ཇུས་བཀོད་པ་བྷན་ཁོ་ཝི་ཙི་༼Ben Kovitz༽གཉིས་ཨ་རིའི་ཁ་ལི་བོར་ནི་ཡའི་མངའ་སྡེ་རུ་མཇལ་འཕྲད་བྱུང་ནས། ་ཝི་ཀིའི་བྱ་རིམ་ཀྱི་མཉམ་སྒྲུབ་གསར་སྤེལ་མཁན་གྱི་ཡ་གྱལ་པེན་ཁོ་ཝི་ཙིས་སངས་དགེ་ལ་ཝི་ཀིསི་སྤྱིའི་མཚན་ཉིད་དང་བེད་སྤྱོད་བྱེད་སྟངས་སོགས་འགྲེལ་བཤད་རྒྱབ་པས། སངས་དགེ་ཝི་ཀི་ནི་ཆེས་རང་དབང་གི་དྲ་རྒྱའི་རིག་མཛོད་ཅིག་མདོན་སྤེལ་བྱ་བའི་ལག་རྩལ་དེ་རེད་སྙམ་ནས། ལག་རྩལ་དེ་བེད་སྤྱད་ནས་མི་མང་གིས་སྟབས་བདེ་པོའི་སྒོ་ནས་ཐད་ཀར་དྲ་ངོས་ནས་རིག་མཛོད་ཀྱི་ཚིག་ཚན་ལ་རྩོམ་སྒྲིག་བྱ་ཆོག་སྙམ།
༢༠༠༡་ལོའི་ཟླ་༡ཚེས་༡༠ཉིན། སངས་དགེའི་ནུ་ཕེ་ཌི་ཡའི་གློག་རྡུལ་ཡིག་ཆའི་རུ་མིག་ཏུ་ཝི་ཀིའི་དྲ་ཚིགས་ཤིག་བཟོ་བའི་ལས་གཞི་དེ་ལྗིམ་འོད་ཟེར་གྱི་ཁས་ལེན་ཐོབ་ཀྱང་། ལས་གྲྭ་དེ། དེ་གའི་ནུ་ཕེ་ཌི་ཡའི་རྩོམ་སྒྲིག་པ་གཞན་གྱིས་ངི་རྒོལ་བྱས་པས། མཐའ་མར། འཆར་གཞི་ལ་ངོ་བོ་འགྱུར་ནས་ནུ་ཕེ་ཌི་ཡ་དང་ཡན་གར་བའི་དྲ་རྒྱའི་ཝེ་ཁེ་རིག་མཛོད་༼www.wikipedia.com༽ཅེས་པ་ཞིག་ལོ་དེའི་ཟླ་༡ཚེས་༡༥ཉིན་དྲ་ཐོག་ཏུ་སྤེལ་བ་རེད། སངས་དགེས་རང་ཉིད་ཀྱི་ནུ་ཕེ་ཌི་ཡའི་གློག་རྡུལ་ཡིག་ཆའི་རུ་མིག་ཏུ། དྲ་ཚོགས་དེ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། དྲ་ཚིགས་སྤེལ་ནས་ཉིན་ཁ་ཤས་མ་འགོར་བར། ཝེ་ཁེ་རིག་མཛོད་ཀྱིས། དེ་སྔའི་ནུ་ཕེ་ཌི་ཡའི་རིག་མཛོད་འགུལ་སྐྱོས་སྐོར་གྱི་བྱེད་ཕྱོགས་དྲང་གནས་ནང་དོན་དང་ཅུང་འདྲ་བའི་དབུ་མའི་ལྟ་བ་དེ། དེ་ག་ཚིག་ཚན་རྩོམ་སྒྲིག་གི་གལ་ཆེའི་བྱེད་ཕྱོགས་སུ་གཏན་འཁེལ། ཡིན་ནའང་། དང་པོའི་ཝེ་ཁེ་རོག་མཛོད་དེ་ནུ་ཕེ་ཌི་ཡ་དང་བསྡུར་བ་བཏང་དུས། བྱེད་ཕྱོགས་གཏན་འབེབས་ཐད་ཧ་ཅང་མཐུས་ཚང་ཞིག་མ་རེད། དེ་ནས་ཝེ་ཁེ་རིག་མཛོད་ནི་སྒེར་ཚུགས་ཀྱི་ངོ་བོ་ནས་དྲ་ཐོག་ཏུ་རྒྱུགས་པ་པ་མ་ཟད། ཆེས་དང་པོའི་སན་དི་གྷི་རུ་གནས་པའི་ཞབས་ཞུའི་འཕྲུལ་འཁོར་དང་། གློག་སྐུད་ལ་སོགས་པ་ཡང་ལྗིམ་འོད་ཟེར་སྒེར་ཐོག་ནས་ཞལ་འདེབས་ཕུལ་བ་ཞིག་རེད།
དང་པོའི་ཝེ་ཁེ་རིག་མཛོད་དེ་ནུ་ཕེ་ཌི་ཡའི་བྱས་རྗེས་འཇོག་མཁན་ཁག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་གི་ཡོད་རེད། སངས་དགེ་ཡང་གདེན་ཞུའི་ལས་མིའི་ངོས་ནས། མཉམ་དུ། ཝེ་ཁེ་རིག་མཛོད་དང་ནུ་ཕེ་ཌི་ཡ་གཉེར་གི་ཡོད་རེད། མ་ཟད། བསམ་འཆར་བསྡུ་ལེན་བྱས་ནས་གཞུག་མའི་ཐག་གཅོད་དབང་ཡང་ཡོད་རེད། མ་རྩ་སྐྱོ་བ་དང་། དེ་མིན་སྤྱི་ཚོགས་བར་གྱི་མིའི་འབྲེལ་བ་ལ་སོགས་པའི་གནད་དོན་གྱིས་རྐྱེན་པས། སྤྱི་ལོ་༢༠༠༢ལོའི་ཟླ་༣ཚེས་༡ཉིན་སངས་དགེ་ཝེ་ཁེ་རིག་མཛོད་དང་ནུ་ཕེ་ཌི་ཡའི་འབྲེལ་ཡོད་ལས་གནས་ནས་དགོངས་ཞུ་དྱས་དགོས་འཁེལ་པ་རེད། དེ་འདྲ་ཡིན་ནའང་། སངས་དགེ་ལས་བཞུགས་མི་སྣ་བསྐྱུས་མ་ཞིག་གི་ངོས་ནས་སྔར་བཞིན་འབྲེལ་ཡོད་ཝེ་ཁེ་རིག་མཛོད་ཀྱི་ལས་གྲྭའི་འཆར་གཞིའི་ནང་འཛུ་གི་ཡོད་རེད། དེ་རྗེས་སུ་ཝེ་ཁེ་རིག་མཛོད་ཀྱིས་དེ་གའི་དྲ་བ་གཉེར་མཁན་གྱི་རྩོམ་སྒྲིག་པ་གསར་པ་གདེན་ཞུ་བྱས་ཡོད་མ་རེད། དེ་སྔོན་སངས་དགེའི་ལས་ཀ་དེ་ཚོ་ལྗིམ་འོད་ཟེར་དང་དེ་མིན་ཝེ་ཁེ་རིག་མཛོད་ཀྱི་ལས་གཉེར་བ་ཚོས་བྱ་གི་ཡོད་རེད། གཞན་སངས་དགེ་དང་ལྗིམ་འོད་ཟེར་གཉིས་དང་ཆ་འདྲ་བའི་ནུ་ཕེ་ཌི་ཡ་དང་པོ་མི་སི་སྤྱི་གཉེར་ཁང་ནས་གདེན་ཞུ་བྱས་མྱོང་བའི་ཝེ་ཁེ་རིག་མཛོད་ཀྱི་བེད་སྤྱོད་པ་ཁ་ཤས་ནི། པོ་མི་སི་སྤྱི་གཉེར་ཁང་གི་སྲོལ་འབྱེད་པ་ཁྲེམ་ཞལ་༼Tim Shell༽དང་། བྱ་རིམ་ཇུས་བཀོད་པ་རེ་ཇུས་ལྗ་སིན་༼richey Jason༽དང་ཁྲའན་ཝོ་༼toan Vo༽ལ་སོགས་སོ།