User:བུམ་པ་གང་བྱོ།

ཡོང་ཁུངས་Wikipedia

ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ།

(ཁྲིམས་འགལ་ཉེས་ཅན་གྱི་ཞུ་ཚིག་བླངས་ནས་བདེན་རྫུན་ལ་རྟགས་པའི་ཁྲིམས།)

  དང་པོར་ཉེས་ཅན་གྱིས་བཤད་པ་ལ་བླང་དོར་བརྡར་གཅོད་ཀྱི་སྔོན་དུ་ཕྱོགས་གཉིས་ཀའི་མོ་དོ་མཉམ་ཡིན་ན་ངོས་གཤེར་རམ་གདོང་གཤེར་སྟེ་ངོ་ཐུག་ནས་བདེན་པ་རྩོད་དུ་འཇུག་པ་དང་། དོད་མི་སྙོམས་ན་གདོང་གཤེར་མི་བཟོ་ལ་འདོད་བློ་སྐོང་བའི་ཆེད་དུ་བསྐོར་སྦྱངས་གཏོང་བ་སོགས་ཀྱི་བྱ་བ་ཞིག་འགྲོ་ལུགས་སུ་གྱུར་འདུག སྒོས་སུ་སྐྱིད་ཤོད་ཁུལ་འདི་ལ་ཁྲིམས་དང་འགལ་བའི་ཁྱིམ་མཚེས་ལ་ཁྱིམ་མཚེས་གཞན་པས་རང་དོན་ཁོ་ནའི་ཆེད་དུ་ཤ་ཉེ་རིང་ཐམས་ཅད་ལ་ཆད་པ་ལེན་པའི་གཏུག་གཤེར་ཞུ་རོགས་བྱེད་དུ་འཇུག་པས་སྡུག་ཐམས་ཅད་རང་སྡུག་རང་གིས་འཁུར་དགོས་པའི་གཏན་འབེབ་ཅིག་སྔོན་ལ་འདུག་ནའང་། ད་ནས་བཟུང་ཞུ་གཏུག་པ་རྣམས་ལ་སྔར་ལྟར་སྐྱོན་འདོགས་ཚབས་ཆེན་མི་བྱེད། གཏུག་གཤེར་གྱི་བདེན་རྫུན་ལ་དཔྱད་པ་རྗེས་ཆད་པ་འཐོབ་འོས་ན་ཆད་པ་དེ་བསྟུན་ཐོབ་པར་བྱེད་ཁོ་ཐག་ཡིན་པ་དང་། ཞུ་གཏུག་དེ་གཡོ་སྒྱུའི་ངང་ཞུས་པ་ཡིན་པ་ཤེས་ཚེ་ཆད་པ་དེ་ཕྱིར་ཞུ་གཏུག་བྱེད་མཁན་རང་གི་སྟེང་ལ་གཅོད། ཕན་ཚུན་ཧམ་སེམས་ཀྱིས་ཆད་པ་འཐོབ་ཐབས་བྱེད་པ་ཡིན་ཚེ་ཆད་པ་དཀྱིལ་ལ་བཞག་ནས་ཕྱོགས་གཉིས་ཀས་དག་ཐེར་དང་ཡོ་སྲང་བྱེད། གྱོ་ཡ་གཉིས་ཀ་དོན་གཅིག་ཏུ་འབབ་མ་ཐུབ་ན་རེ་རེའི་ཆད་པའི་ཁྲོད་ཀྱི་ཕྱེད་བླངས་ནས་ནག་ཆེ་ཆུང་ལྟར་སྟེར། ཁྲིམས་ས་ནས་རྩོད་པ་བྱས་པར་འདུམ་འགྲིག་བྱེད་ན་ཉེས་པའི་ཆད་པ་ཕྱེད་ཀ་དང་གཏུག་བཤེར་བྱེད་དངུལ་འོས་འཚམ་ཞིག་ཁྲིམས་སར་འབུལ་ནས་གྱོད་ནང་འདུམ་བྱེད་དུ་འཇུག་གོ།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཁྲིམས་ཞིབ་འཇུག་དགེ་རྒན་བསོད་ནམས་ཚེ་རིང་གི་དངོས་སློབ་གྱི་གྲལ་མཐའ་འཛིན་པ་ཞིག་གིས་སྦྱར་བའོ།།