User:ཁམས་འཛུམ་གྲོལ།

ཡོང་ཁུངས་Wikipedia

ཁམས་འཛུམ་གྲོལ་ལམ་ཟླ་བ་བཟང་པོ་ནི་སྤྱི་ལོ་༡༩༨༦ལོའི་ཟླ་༡༢པའི་ཚེས་༡་ཉིན་གངས་ལྗོངས་ཁམས་སྟོད་མི་ཡི་ཆོལ་ཁ་སྒོམ་སྡེ་ནང་ཆེན་འབྲོང་པ་ཀ་གཞུང་དུ་ལང་ཚོའི་སྨྱུ་གུ་འབུས། ཆུང་དུས་ནས་རྒན་ཀརྨ་འོད་གསལ་མདུན་ནས་འབྲི་ཀློག་ཀྱི་ཡོན་ཏན་ཀུན་ལ་སྦྱང་ཤིང་། ཀ་གཞུང་ཡུལ་ཤོག་གི་སློབ་ཆུང་འགྲིམས། དེ་ནས་ཕྱོགས་མེད་ཀྱི་མཁས་དབང་དུ་མའི་མདུན་ ནས་སུམ་རྟག་དང་། སྙན་ངག་སོགས་རིག་གནས་ལ་སྦྱང་པས། མི་རིང་བར་སྦྱང་འབྲས་མི་དམན་པ་ཐོན། ༢༠༠༥ལོ་ནས་བཟུང་སྦྱང་རྩོམ་དང་། སྙན་རྩོམ་བྲིས་ཏེ་རྩོམ་པའི་ལས་ལ་ གཞོལ་ནས།ད་བར་སྙན་རྩོམ་དང་། འབོལ་རྩོམ་བརྒྱ་ཕྲག་ཁ་ཤས་བྲིས་ཏེ། དྲ་ཐོག་དང་། དུས་དེབ་སོགས་སུ་སྤེལ་བས་ཀློག་མཁན་རྣམས་ཀྱི་དགའ་བསུ་མི་དམན་པ་ཐོབ། སྤྱི་ལོ་༢༠༠༩ ལོར་ཁོང་གིས་བྲིས་པའི་སྙན་རྩོམ་གངས་འདབས་ཀྱི་རོལ་དབྱངས་ཞེས་པ་སྤར་སྐྲུན་འགྲེམས་སྤེལ་བྱས། སྤྱི་ལོ་༢༠༡༠ལོར་ཁོང་གིས་བྲིས་པའི་འབོལ་རྩོམ་བསམ་གཞིག་ཅེས་པ་སྤར་དུ་ སྐྲུན་ཤིང་། ༢༠༡༡ལོར་ཁོང་གིས་བྲིས་པའི་སྙན་རྩོམ་དང་། འབོལ་རྩོལ། ལོ་རྒྱས་བཅས་དེབ་ཕྲེང་བཞི་སྒྲིག་སྟེ་ཟླ་དཔེ་ཚོགས་ཞེས་པའི་དཔེ་ཚོགས་སུ་སྤར་དུ་བཏབ། ད་ལྟ་ཁོས་ བློ་འབྱེད་ཅེས་པའི་དུས་དེབ་ཅིག་སྐྲུན་བཞིན་པ་དང་། ཚགས་པར་གང་མང་འདོན་སྤེལ་བྱེད་བཞིན་པ་སོགས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ལ་རང་ནུས་གང་ཡོད་ཀྱིས་སྲི་ཞུ་སྒྲུབ་ བཞིན་པ་ལགས་སོ། །