Category:རྙིང་མ་བ་

ཡོང་ཁུངས་Wikipedia


རྙིང་མ་བའི་གྲུབ་མཐའི་མིང་བྱུང་ཚུལ།

རྙིང་མ་བ་ཞེས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་བེེ་རོ་ཙ་ན་ སོགས་ཀྱིས་བསྒྱུར་བའི་རྒྱུད་སྡེ་ལ་གསང་སྔགས་རྙིང་མ་ཞེས་ཟེར་ལ། འདི་ནི་སློབ་དཔོན་པདྨ་འབྱུང་གནས་རྩ་བའི་སློབ་དཔོན་དུ་འཛིན་པ་དང་། དེས་གསུངས་པའི་རྒྱུད་སྡེ་ཡི་དོན་རྣམས་ཉམས་སུ་ལེན་མཁན་ལ་ངོས་འཛིན་ དགོས། རྙིང་མའི་དགོན་པར་སྔ་བ་ཤངས་ཐུབ་ཆེན་དགོན། ཀ་དམ་པ་བདེ་ གཤེགས་ཀྱིས་བཏབ་པའི་སྡེ་དགེ་ཀ་ཐོག་དགོན། སྤྱི་ལོ་༡༦༡༥ལོར་གཏེར་ བདག་གླིང་པ་འགྱུར་མེད་རྡོ་རྗེས་བཏབ་པའི་གྲྭ་ཕྱི་སྨོན་གྲོལ་གླིང་གི་དགོན། སྤྱི་ལོ་༡༦༠༠ལོར་རིག་འཛིན་ངག་གི་དབང་པོས་བཏབ་པའི་ཐུབ་བསྟན་རྡོ་ རྗེ་བྲག་གི་དགོན་སོགས་ཡོད།

ལོ་རྒྱུས།[རྩོམ་སྒྲིག]

རྙིང་མ་པ་ནི་བོད་དུ་དར་བའི་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་ནས་ཕྱིས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡན་ཆོད་དུ་བསྒྱུར་བའི་གསང་སྔགས་ཀྱི་གཞུང་ལུགས་རྣམས་ཉམས་ལེན་དང་དེའི་རྗེས་སུ་འབྲངས་མཁན་གྱི་མིང་ཡིན། རྙིང་མ་གསར་མ་ཞེས་པའི་དབྱེ་བ་དེ་གཙོ་བོ་སྔགས་ཀྱི་ཆོས་བསྒྱུར་སྔ་ཕྱིའི་སྟེང་ནས་འཇོག་གིན་ཡོད། གསང་སྔགས་རྙིང་མ་པས་ཐེག་པ་རིམ་དགུ་ཞེས་པའི་ནང་དུ་སངས་རྒྱས་ཀྱི་ཆོས་ཚང་མ་བསྡུས་ནས་བཤད་སྲོལ་ཡོད་ཀྱང་གསར་མ་བར་བཤད་སྲོལ་དེ་མེད། རྙིང་མ་པའི་ལུགས་ལ་གྲྭ་བ་ལ་རབ་བྱུང་བ་སྟེ་ཁྱིམ་སྤངས་པ་དང་སྔགས་པ་ཞེས་ཁྱིམ་ན་གནས་པའི་ཆོས་བྱེད་དགེ་འདུན་གྱི་སྡེ་སྟེ་རིགས་གཉིས་ཡོད། ས་ཁུལ་གྱི་ཆ་ནས་བོད་ཀྱི་ས་ཁུལ་ཁམས་དང་མགོ་ལོག་སོགས་ཀྱི་ཡུལ་དུ་དར་རྒྱས་ཆེ། མཚོ་སྔོན་ཁུལ་དུ་སྔགས་པའི་སྡེ་དར་ཁྱབ་ཆེ། ཁམས་ཉག་རོང་དང་། གོ་འཇོ། བྲག་འགོ གསེར་རྟ། དེང་སྐབས་སྔ་འགྱུར་བསྟན་པའི་བདག་ཉིད་ཆེན་མོ་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་བཞེངས་ཤིང་བསྐྱངས་པའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་སློབ་ཐོན་གནང་བའི་མཁན་པོ་དག་གིས་བོད་ཕྱི་ནང་གཉིས་སུ་རྙིང་མ་བར་གཙོ་ཁྲིད་གནང་བཞིན་པར་མ་ཟད། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་ནི་ཚབ་མཚོན་གྱི་མི་སྣ་ཆགས་ཡོད།

དེ་བཞིན་འཕགས་ཡུལ་དུ་གྲུབ་དབང་པད་ནོར་རིན་པོ་མཆོག་གིས་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ཏེ་སྔ་འགྱུར་བསྟན་པ་མི་ཉམས་གོང་ནས་གོང་དུ་འཕེལ་བཞིན་པའོ།།

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

རྙིང་མའི་ཆོས་འབྱུང་།༼གླེགས་བམ་གཉིས༽ གུ་བཀྲའི་ཆོས་འབྱུང་། བདུད་འཇོམས་ཆོས་འབྱུང་། ཐུའུ་བཀྭན་གྲུབ་མཐའ། གྲུབ་མཐའི་སྐོར་གྱི་རྣམ་བཤད།

ད་དུང་གཟིགས།[རྩོམ་སྒྲིག]

དེབ་ཐེར་སྔོན་པོ་ལས་རྙིང་མའི་སྐོར། འཇིགས་མེད་གླིང་པའི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན། བོད་དུ་བཞུགས་པའི་རྫོགས་ཆེན་རིན་པོ་ཆེས་མཛད་པའི་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཀ་ཐོག་དགེ་རྩེས་མཛད་མཛད་པའི་རྙིང་རྒྱུད་དཀར་ཆག

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།