Category:བོད་རིག་པ།

ཡོང་ཁུངས་Wikipedia

བོད་རིག་པ་ནི་བོད་ཀྱི་ཤེས་རིག་སྤྱིའི་བསྡོམས་ཚིག་སྟེ། བོད་རིག་པ་ནི་གཞི་རྒྱ་ཆེ་ཞིང་གཏིང་མཐའ་བྲལ་བ་ཞིག་ཡིན་པས། ཁག་མང་བོར་དབྱེ་ཆོག་པའི་ཁར་ཞིབ་ཕྲ་བཏོད་ནས་ཀྱང་རིགས་བགར་ཆོག་མོད། ཡང་མཚན་ཉིད་རིག་པ། ཆོས་ལུགས། རྩོམ་རིག སྒྱུ་རྩལ། ཀུན་སྤྱོད། མཛེས་རིག་སོགས་འདུ་བའི༼བསམ་བློའི་རིག་གནས༽དང་། ཟ་གོས་འགྲོ་སྡོད། ཐོན་སྐྱེད་དམ་ཞིང་ཕྱུགས་ནགས་ལས་ཉ་ལས། དཔལ་འབྱོར་འཁོར་བསྐྱོད། ཚན་རིག་ལག་རྩལ༼འདིའི་ནང་དུ་སྐར་རྩིས། ལི་ཐོ་དང་གསོ་བ་རིག་པ་ཚུད།༽ བཅས་གཙོར་བཟུང་བའི༼དངོས་པོའི་རིག་གནས༽ གུས་བརྩིའི་ལམ་སྲོལ། ཁྲིམས་སྲོལ། དཔོན་བསྐོའི་སྒྲིག་སྲོལ། དམག་ཁྲིམས། ས་ཁོངས་བརྒྱུད་འཛིན་སྒྲིག་སྲོལ། སློབ་གསོའི་ལམ་སྲོལ། ཁྲལ་དང་པེ་ཤག་གི་ཁྲིམས་སྲོལ། འཇལ་འདེགས་ལམ་སྲོལ། ལོ་རྩིས་གཏན་འབེབས་ལམ་སྲོལ། སྤྲུལ་སྐུའི་ལམ་ལུགས། ཆོས་སྲིད་ཟུང་འབྲེལ། མི་རིགས་ས་གནས་རང་སྐྱོང་། ཡུལ་གྱར་དམངས་གཙོ་འདུ་བའི༼སྒྲིག་སྲོལ་རིག་གནས༽བཅས་ཀྱི་ཁྱབ་ཁོངས་འོག་ཉམས་ཞིབ་དང་འཚོལ་ཞིབ་བྱས་ཆོག

བོད་རིག་པ་སྤྱིའམ། བྱེ་བྲག་གང་རུང་ལ་ཞིབ་འཇུག་གིས་གྲུབ་འབྲས་ངེས་ཅན་ཡོད་མཁན་ཡོངས་ལ་བོད་རིག་པ་སྨྲ་བ་བོ་འབོད།

རིགས་གཏོགས།

སྡེ་ཙན་འདི་ནང་ཁྱོན་སྡོམས་པས་ ༢༦ ནས་ གཤམ་གྱི་བྱེ་བྲག་སྡེ་ཚན།༢༦ subcategoriesཙམ་འདུག།

"བོད་རིག་པ།"ནང་་གི་ཤོག་ངོས།

The following ༤༤ pages are in this category, out of ༤༤ total.