Category:བོད་ཀྱི་གནད་དོན།

ཡོང་ཁུངས་Wikipedia

བོད་ཀྱི་གནད་དོན་ནི་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་འགོར་བོད་ཤར་ཕྱོགས་བཙན་བཟུང་གིས་བོད་ཀྱི་ནུབ་ཕྱོགས་སམ། སྡེ་བ་གཞུང་གི་མངའ་ཁུལ་དུ་དྲག་པོས་དཔུང་འཇུག་བྱས་ཏེ༼གྲོས་མཐུན་དོན་ཚན་བཅུ་བདུན༽ལ་མིང་རྟགས་མི་འགོད་ཐབས་མེད་དང་། དེའི་རྗེས་དུས་ཡུན་ལོ་བརྒྱད་རིང་རྒྱ་དམར་གྱི་རྩ་ཁྲིམས་འོག་ཏུ་བོད་ནུབ་མར་རང་སྐྱོང་ལག་ལེན་བསྟར་ནའང་། མཇུག་མཐར་བོད་ས་ཡོངས་རྫོགས་དབང་ཆ་གཅིག་སྡུད་འོག་འཇུག་རྩིས་བསྟུན་ནས་བོད་ཀྱི་རྒྱལ་བོ་མཐའ་མ་ཏཱ་ལའི་བླ་མས་དབུ་ཁྲིད་ནས་སྡེ་བ་གཞུང་གི་དཔོན་རིགས་དང་མང་ཚོགས་ཁག་ཅིག་བཙན་བྱོལ་གནང་ཡོད་ཅིང་། པན་ཆེན་སྐུ་ཕྲེང་བཅུ་བའི་མཚོན་པའི་བོད་ཀྱི་སྐྱེས་ཆེན་ཁག་ཅིག་བོད་ནང་བཞུགས་ནས་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་བཟང་ཕྱོགས་སུ་བསྒྱུར་བར་འབད་བརྩོན་གང་མང་གནང་ཡང་དོན་འབྲས་མ་བྱུང་བར་བོད་ཡུལ་ཆག་འཇིག་ལ་ཐུག་པའི་གོད་ཀ་ཚབས་ཆེན་བྱུང་འདུག

ཏཱ་ལའི་བླ་མས་དབུ་ཁྲིད་པའི་བོད་མི་ཁྲི་བརྒྱད་ལྷག་བཙན་བྱོལ་གནང་རྗེས། ༼གྲོས་མཐུན་དོན་ཚན་བཅུ་བདུན༽ལ་ངོས་ལེན་མེད་པ་ཡོངས་བསྒྲགས་གནང་ཡོད། དེ་བཞིན་དུ་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཟུང་བའི་སྲིད་ཇུས་ལ་བོད་མི་རྣམས་འགུ་མ་ཁེངས་པར་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་གྱི་རྣམ་པའི་འོག་རྒྱུན་མཐུད་ནས་ཡོང་ཡོད།

སྒོས་སུ་དུས་རབས་ཉེར་གཅིག་པའི་དུས་འགོ་ནས་བོད་ནང་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉའ་གནོན་འོག་ཐར་ཆེད་བོད་རྒྱལ་ཁབ་སླར་གསོ་དམིགས་པའི་འཚེ་མེད་ཞི་བའི་ལམ་ནས་མེར་བསྲེག་ངོ་རྒོལ་བསྟུད་མར་བྱུང་བཞིན་པ་ནི་འཛམ་གླིང་གི་རང་དབང་འཐབ་རྩོད་ཁྲོད་སྔར་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་གསར་བ་ཞིག་ཏུ་གྱུར་ཡོད།

རིགས་གཏོགས།

སྡེ་ཙན་འདི་ནང་ཁྱོན་སྡོམས་པས་ ༡ ནས་ གཤམ་གྱི་བྱེ་བྲག་སྡེ་ཚན།subcategoryཙམ་འདུག།