Category:གསར་འགོད།
ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ གྲུབ་མཐའ་ གསང་སྔགས་རྙིང་མ་ བསྟན་པ་ཕྱིར་དར་དུས་བཀའ་གདམས་པ་དེ་ནས་དགེ་ལུགས་སུ་བསྒྱུར་ ཆགས་ཡུལ་ ལྷ་ས་བྱང་ངོས་ཉང་བྲན་ཕུག་ འདེབས་ལོ་ ཆུ་ཡོས་སྤྱི་ལོ་༦༤༣གཡས་གཡོན་ འདེབས་མཁན་ ཆོས་རྒྱལ་སྲོང་བཙན་སྒམ་པོ་
དེ་ཡང་འཁོན་གྱི་བཙུན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་སྤྱི་ལོ་༡༦༡༩ལོར་བརྩམས་པའི་ཕ་བོང་ཁའི་དཀར་ཆག་ཏུ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅོ་ལྔ་ལ་བཞེས་པའི་ཆུ་མོ་ཡོས་ལ་ཕ་བོང་ཁ་ཕོ་བྲང་མ་རུ་བཏབ་
ཉེར་གཅིག་ལོན་དུས་སྒྲུབ་གནས་འདེབས་པ་ཡིན་ནོ་ཞེས་དང་ ཆོས་རྒྱལ་གྱིས་ཕ་བོང་ཁའི་བྲག་སྟེང་དུ་སོ་ཕག་ཁྲོ་ཆུ་ལ་སྦྱར་ནས་སྒྲུབ་ཁང་དགུ་ཐོག་ཡོད་པ་བཞེངས་ ཕྱོགས་བཞིར་ལྕགས་ཐག་བཏགས་ནས་བརྟན་པར་བྱས་ དེ་ནས་བཟུང་སད་མི་བདུན་རབ་ཏུ་མ་བྱུང་བར་དུ་སྔགས་པ་རལ་པ་ཅན་བརྒྱ་རྩ་རེ་རྒྱུན་མ་ཆད་པ་བཞུགས་ཏེ་བསྒྲུབ་པར་མཛད་པའི་ཐུགས་རྗེ་ཆེན་པོ་དང་ གཤིན་རྗེ་གཤེད་དང་ སྒྲོལ་མ་དང་ རྟ་མགྲིན་སོགས་ཀྱི་གྲུབ་ཐོབ་གྲངས་མེད་བྱུང་ དེ་བཞིན་ཆོས་རྒྱལ་གྱིས་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་བཀས་གནང་སྟེ་ཕྱིར་བོད་ལ་ཕེབས་ རྒྱལ་བློན་གཉིས་ཕོ་བྲང་མ་རུར་ལོ་གསུམ་མཚམས་སུ་བཞུགས་ནས་ཡི་གེ་དང་ སྒྲ་སྣམས་སློབ་པའི་ཚུལ་མཛད་ཅེས་རྒྱལ་དབང་ལྔ་བ་ཆེན་པོའི་<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>ལྕགས་པར་ཤོག་གྲངས་༢༠པར་གསལ་ དེའི་མཇུག་གླང་དར་གྱིས་དགེ་འདུན་རྣམས་བསྐྲད་པས་བོད་ཁམས་སིལ་བུར་སོང་ དེ་རྗེས་དབུས་གཙང་གི་མཁས་པ་མི་བཅུས་བསྟན་པ་སྤེལ་ཀྱང་ཕ་བོང་ཁར་རབ་བྱུང་གི་སྡེ་མ་ཚུགས་ རྒྱལ་དང་རྭ་སྒྲེང་ལ་གླིང་ལོག་བྱུང་ དེ་ནས་བཀའ་གདམས་དགེ་བཤེས་པོ་ཏོ་བས་ཉིད་ཀྱི་སློབ་མ་དགེ་བཤེས་བྲག་དཀར་བ་ལ་ང་བརྒས་པས་ཁྱོད་ཀྱིས་ཕ་བོང་ཁ་འདིར་ཆོས་སྡེ་བཚུགས་བསྟན་པ་དར་རྒྱས་ཡོང་གསུངས་པས་ཁོང་གིས་འདིར་དགེ་འདུན་གྱི་སྡེ་བཙུགས་ དགེ་འདུན་གསུམ་བརྒྱ་ལྷག་ཙམ་འདུས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ དགུང་ལོ་བརྒྱད་ཅུ་བཞུགས་ དེ་ནས་དགེ་བཤེས་ཕ་བོང་ཁར་གྲགས་པས་གདན་ས་མཛད་ དགེ་འདུན་བཞི་རྒྱ་ཙམ་འདུས་ དེ་ནས་བོད་རབ་བྱུང་བཅུ་པ་ ས་ལུག་སྤྱི་ལོ་༡༦༡༩ལོར་འཁོན་གྱི་བཙུན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་ཕ་བོང་ཁའི་དགེ་འདུན་གྱི་སྡེ་རྣམ་པར་དག་པ་བཙུགས་ དེ་ནས་བཟུང་དཔལ་འབྱོར་རག་རྒྱས་དང་ སེ་ར་བ་འཇམ་དབྱངས་གྲགས་པ་ མཁན་པོ་ངག་དབང་བསྟན་འཛིན་ སེར་སྨད་བླ་ཟུར་བློ་བཟང་དོན་གྲུབ་སོགས་བླ་མ་རིམ་བྱོན་གྱིས་ཕ་བོང་ཁའི་གདན་ས་རིམ་བཞིན་བསྐྱངས་ནས་སྤྱི་ལོ་༡༩༥༩བར་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པ་མི་ཉམས་པར་གནས་སོ་
གནས་འདིའི་ནང་རྟེན་གྱི་རིགས་སུ་ རིགས་གསུམ་མགོན་པོ་རང་བྱོན་དང་ ཐོན་མའི་ཕྱག་བྲིས་སུ་གྲགས་པའི་ཡི་གེ་དྲུག་པ་འབུར་དུ་ཡོད་པ་དང་ ཆོས་རྒྱལ་སྲོང་བཙན་གྱིས་རྒྱ་མ་ཁྲེང་འགོ་ཆུ་མིག་ནས་གཏེར་ལས་བཞེས་པའི་སྤྱན་རས་གཟིགས་རྟོ་སྐུ་རང་བྱོན་གསུང་བྱོན་མ་སོགས་ནང་རྟེན་བྱིན་ཅན་ཤིན་ཏུ་མང་བ་དག་རྒྱལ་བ་ལྔ་པ་ཆེན་པོས་བཞེངས་པའི་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་སྨན་སྐུ་མི་ཚད་མ་ཞིབ་པ་འཁོན་བརྒྱུད་དཔལ་འབྱོར་ལྷུན་གྲུབ་མཆོག་ནས་མཛད་པའི་ཕ་བོང་ཁའི་དཀར་ཆག་ལ་གཟིགས་པ་ཞུ་།
"གསར་འགོད།"ནང་་གི་ཤོག་ངོས།
The following ༢ pages are in this category, out of ༢ total.