ཨེ་ཆེ་ཨེའི་ཝི

ཡོང་ཁུངས་Wikipedia

ཨེ་ཆེ་ཨེའི་ཝི 1(HIV)ཨེ་ཆེ་ཨེའི་ཝི་ཞེས་པའི་ཡིག་འབྲུ་རེ་རེས་གཤམ་གྱི་དོན་མཚོན་པ་སྟེ། Human འགྲོ་བ་མི། Immunodeficiency སྔོན་འགོག་ནུས་ཤུགས་མ་འདང་བ། Virus ནད་དུག་གམ་ནད་འབུ་ཕྲ་སྲིན། 2བསྡུས་མིང་། མིའི་ནད་འགོག་ནུས་པ་ཉམས་བྱེད་ཀྱི་ནད་དུག 3ཨེ་ཆེ་ཨེའི་ཝིས་ཞེས་པ་ནི་ཨེ་ཙིའི་ནད་སློང་མཁན་གྱི་ནད་དུག་གམ་ནད་འབུ་ཕྲ་སྲིན་དེ་ལ་ཟེར། ནད་དུག་དེ་མི་ཡི་ལུས་ཕུང་དུ་ཞུགས་རྗེས། རིམ་བཞིན་མིའི་ ལུས་ཕུང་གི་ནད་འགོག་ནུས་ཤུགས་ཞན་པར་བཏང་བས།ནད་གཞན་པ་ལས་སླ་བོར་ལུས་ཕུང་དུ་ཞུགས་ཐུབ་པར་འགྱུར། མཐར་ལོ་ཤས་ནང་ཚེ་སྲོག་ཀྱང་འཕྲོག་ གིན་ཡོད།