ཡོང་ཁུངས་Wikipedia

ཨ 1.བོད་ཡིག་གསལ་བྱེད་སུམ་ཅུ་པའམ། ལ་ལས་དབྱངས་གསལ་གཉིས་ཆོད་ཀྱི་ཡི་གེར་འདོད་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང༌། བྱེད་པ་མགྲིན་པ་ལྕེ་རྩ་དང་སྦྱར་བ། ནང་གི་རྩོལ་བ་མགྲིན་པ་བཙུམ་པ། ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་ལྡན། 2.གང་ཟག་གི་མིང་འགའི་སྔོན་དུ་བཅུག་ནས་སྙིང་ཉེ་བའི་དོན་སྟོན་པའི་ཚིག་གྲོགས་ཤིག་སྟེ།

                  (དཔེར་ན།) ཨ་ཕ། ཨ་མ། ཨ་ཁུ། ཨ་ཞང༌། ཨ་རོགས་ཞེས་པ་ལྟ་བུ།  

3.མིང་འགའི་སྔོན་དུ་བཅུག་ན་སེམས་ཀྱི་ཚོར་བ་དྲག་པོ་ཞིག་ཕྱིར་མངོན་ཐུབ་བྱེད་ཀྱི་ཚིག་གྲོགས་ཤིག་སྟེ།

                  (དཔེར་ན།) ཨ་ཁ་ཁ། ཨ་ཚ་ཚ། ཨ་མཚར། ཨ་ཕམ་པ་ལ། ཨ་ཡ་མཚན་ཞེས་པ་ལྟ་བུ།  

4.(ཡུལ་སྐད།) 1>ཨང་སྒྲ་ཟུར་ཆག་པ་ཞིག་སྟེ། ཚིག་འགའི་མཇུག་ཏུ་བཅུག་ནས་སྐུལ་ཚིག་སྟོན་རོགས་བྱེད་པའི་ཚིག་གྲོགས་ཤིག་སྟེ།

                 (དཔེར་ན།) དེ་འདྲས་མ་བྱེད་ཨ། མགྱོགས་པོ་ཕེབས་ཨ། དཔེ་ཆ་ལྟོས་ཨ་ལྟ་བུ།  

2>ཡིན་ནམ། ཡོད་དམ། ཡོང་བཅས་ཀྱི་སྔོན་དུ་བཅུག་ནས་ཐེ་ཚོམ་མམ་དྲི་བ་སྟོན་པའི་ཚིག་གྲོགས་ཤིག་སྟེ།

                 (དཔེར་ན།) ཁོང་རྒྱ་རིགས་ཨ་ཡིན། རྒན་ལགས་སླེབས་ཨ་ཡོད། སང་ཉིན་ཁ་བ་འབབ་ཨ་ཡོང༌ལྟ་བུ།
"https://bo.wikipedia.org/w/index.php?title=ཨ&oldid=122795"ལས་སླར་རྙེད་སོང།